དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་ཐེངས་གཅིག་ལ་སྒྲུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-31

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་5ཚེས་27ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྤྱི་བདེ་ཐིང་སོགས་སྡེ་ཚན་བརྒྱད་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱིས་ལས་ཕྱོད་ཆེན་པོས་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་ཐེངས་གཅིག་ལ་སྒྲུབ་པར་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》(གཤམ་ལ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པའི་ནང་། ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་གཅིག་སྡུད་ཅན་གྱི“ཞབས་ཞུའི་འཁོར་འབྲེལ”བཙུགས་པ་བརྒྱུད་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་ལས་སྒོ་ལས་ཕྱོད་ཆེན་པོས་ཐེངས་གཅིག་ལ་སྒྲུབ་པར་སྐུལ་འདེད་བཏང་སྟེ། ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་བྱེད་རིང་ཕྱོགས་མང་པོར་རྒྱུག་པ་དང་དཔྱད་གཞི་སྐྱེལ་རྒྱུ་བསྐྱར་ཟློས་མང་བ་སོགས་ལྷགས་པའི་འགག་གནད་དང་དཀའ་གནད་ཉུང་དུ་གཏོང་གང་ཐུབ་བྱེད་རྒྱུ་ཡིན་པ་བསྟན་ཡོད།

    《ཇུས་གཞིའི》ནང་ཚོང་གཉེར་བྱེད་པོ་མུ་མཐུད་གནས་རིང་། འབྲེལ་བའི་ཁེབས་རྒྱ་ཆེ་བ་དང་། འབྲེལ་ཡུལ་མང་བ། འགྲོ་ལུགས་གཉེར་འབོར་ཆེ་བ་བཅས་ཀྱི་ཆ་འཕྲིན་བརྗེ་སྒྱུར་གྱི་དོན་གནད་ལ་དམིགས་ནས“དགོས་མཁོ་ལྟར་བསྡུ་སྒྲིག་བྱེད་པའི”རྩ་དོན་ལ་གཞིགས་ཏེ། ཚོང་གཉེར་བྱེད་པོ་ཐོ་འགོད་ཀྱི་དོན་གནད་བརྗེ་སྒྱུར་བྱེད་རྒྱུ་དེ་ཐེལ་ཙེ་རྐོ་བ་དང་། སྤྱི་ཚོགས་འགན་བཅོལ་ཐོ་འགོད། སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་བའི་ཐོ་འགོད། ཁྲལ་འཛིན་སྒྲིག་ཆས་སྤྲོད་པ། གཞི་རྩའི་བཅོལ་དངུལ་རྩིས་ཁྲ་སོགས་ཀྱི་ལས་སྒོའི་འབྲེལ་བ་བཙུགས་ནས་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་གཅིག་སྡུད་ཅན་གྱི“ཞབས་ཞུའི་འཁོར་འབྲེལ”ཆགས་པར་བྱས་ཏེ། ལས་ཕྱོད་ཆེན་པོས་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་ཐེངས་གཅིག་ལ་སྒྲུབ་པའི་ལས་ཀའི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་པ་འཁོད་ཡོད།

    《ཇུས་གཞིའི》ནང་། མཚོ་སྔོན་སྲིད་དོན་ཞབས་ཞུའི་དྲ་བ་འཇུག་གཞིར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་བྱེད་པོའི་ཐོ་འགོད་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་གྱི་ལས་སྟེགས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར“དྲ་གཅིག་ཀུན་སྒྲུབ”ཀྱི་ལས་སྟེགས་བཙུགས་ཏེ། “ཐེངས་གཅིག་ལ་ཤེས་སུ་འཇུག་པ་དང་། དྲ་བ་གཅིག་གིས་ཀུན་སྒྲུབ་པ། ཆ་འཕྲིན་མཉམ་དུ་སྤྱོད་པ། དུས་བཀག་ནང་བསྒྲུབས་པ། དྲ་བ་གཅིག་གིས་ཚུར་ལན་བསམ་འཆར་འདོན་པ”བཅས་ཀྱི་བྱེད་སྟངས་ལྟར་དྲ་ཐོག་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་ལས་ཕྱོད་ཆེན་པོས་ཐེངས་གཅིག་ལ་སྒྲུབ་ཐུབ་པ་བྱེད་རྒྱུ་མ་ཟད། རིམ་ཁག་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ལས་རོགས་དང་ལས་ཚབ་པ་བཀོད་སྒྲིག་གིས་ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་ཐེངས་གཅིག་ལ་སྒྲུབ་པར་ལས་རོགས་དང་ལས་ཚབ་ཀྱི་ཞབས་འདེགས་ཞུས་ཏེ། དྲ་ཕྱིའི་ཚོང་གཉེར་བྱེད་པོའི་ཆ་འཕྲིན་ལས་ཕྱོད་ཆེན་པོས་ཐེངས་གཅིག་ལ་སྒྲུབ་ཐུབ་པ་བྱེད་རྒྱུ་ཡིན་པ་ཁ་གསལ་བསྟན་ཡོད།

    《ཇུས་གཞིའི》ནང་། 《སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་དང་སྲིད་འཛིན་ནུས་ཕྱོད་མཐོ་རུ་བཏང་ནས་ལས་ཕྱོད་ཆེན་པོས་ཐེངས་གཅིག་ལ་སྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར》ནང་གཏན་ལ་ཕབ་པའི་ཁེ་ལས་ཀྱི་ཆ་འཕྲིན་བརྗེ་སྒྱུར་ཐེངས་གཅིག་ལ་སྒྲུབ་རྒྱུའི་རྨང་གཞིའི་ཐོག སྤྱོད་འཐུས་བྱ་ཡུལ་ཁེ་ལས་ནས་ཚོང་གཉེར་བྱེད་པོ་ཚང་མར་རྒྱ་བསྐྱེད་དེ་སྲིད་ཇུས་ཀྱི་ཕན་འདོགས་ཡུལ་མུ་མཐུད་ཆེ་རུ་གཏོང་རྒྱུ་མ་ཟད། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཁེ་ལས་ཀྱི་ཆ་འཕྲིན་བརྗེ་སྒྱུར་ཐེངས་གཅིག་ལ་སྒྲུབ་པའི་ཞིབ་ཕྲའི་དོན་གནད་6གི་རྨང་གཞིའི་ཐོག“ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་བརྗེ་སྒྱུར་མཉམ་དུ་དྲན་སྐུལ”བྱེད་རྒྱུ་མང་དུ་གཏོང་རྒྱུ་དང་། ཚོང་གཉེར་བྱེད་པོའི་ཆ་འཕྲིན་བརྗེ་སྒྱུར་གྱི“དྲ་གཅིག་ཀུན་སྒྲུབ”ལས་སྟེགས་ཀྱི་རིག་ནུས་དྲན་སྐུལ་དང་ལས་དོན་པས་ཐེངས་གཅིག་ལ་ཤེས་སུ་འཇུག་པ་བརྒྱུད་ཚོང་གཉེར་བྱེད་པོས་ཐོ་འགོད་དོན་གནད་བརྗེ་སྒྱུར་བྱས་རྗེས། དུས་ཐོག་ཏུ་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་བརྗེ་སྒྱུར་ལས་སྒོ་གཉེར་བར་མཛུབ་ཁྲིད་བྱེད་རྒྱུ་ཡིན་པ་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།