དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་ཁྲག་གསོའི་ཕྲ་ཕུང་ཨ་མ་འཚོལ་བསྡུ་སྤོས་འཛུགས་ཀྱི་དམིགས་འཛུགས་སྨན་ཁང་གསར་པ་ཞིག་བཙུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-31

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་28ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པ་ནས་ཤེས་རྟོགས་བྱས་པར། ཀྲུང་གོའི་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་གྱི་དཔྱད་གཞིའི་མཛོད་འཚོལ་བསྡུ་སྤོས་འཛུགས་དམིགས་འཛུགས་སྨན་ཁང་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་དངོས་སུ་སྒོ་བྱང་བཀལ་བ་དེ་ནི་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་བཙུགས་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཁྲག་གསོའི་ཕྲ་ཕུང་ཨ་མ་འཚོལ་བསྡུ་སྤོས་འཛུགས་ཀྱི་འོས་ཐོབ་རག་པའི་སྨན་ཁང་གཉིས་པ་དེ་ཡིན་ཞིང་། དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཁྲག་གསོའི་ཕྲ་ཕུང་ཨ་མའི་ཞལ་འདེབས་ལས་དོན་སླར་ཡང་གོམ་སྟབས་བརྟན་པོ་སྤོས་པ་མཚོན་ཡོད།

    མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་ཁྲག་གསོའི་ཕྲ་ཕུང་ཨ་མའི་མཛོད་ཀྱི་ཤོང་ཚད་མི་ཁྲི་2.97ཡིན་པ་དང་དང་བླངས་པ་76གིས་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་བརྒྱབ་ཡོད། མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དེ་ཁྲག་གསོའི་ཕྲ་ཕུང་ཨ་མ་འཚོལ་བསྡུ་སྤོས་འཛུགས་ཀྱི་དམིགས་འཛུགས་སྨན་ཁང་དུ་གྱུར་ནས། མཚོ་སྔོན་ཞིང་ཆེན་གྱི་ཁྲག་གསོའི་ཕྲ་ཕུང་ཨ་མའི་ཞལ་འདེབས་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཁྲག་གསོའི་ཕྲ་ཕུང་ཨ་མ་འཚོལ་བསྡུ་སྤོས་འཛུགས་ལས་དོན་ལ་སྟབས་བདེ་དང་འགན་ལེན་དེ་བས་མང་བ་ཐུབ་རྒྱུ་ཡིན་པ་རེད། ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པས་གཅེས་སེམས་མི་སྣ་དེ་བས་མང་བ་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་གྱི་དཔུང་ཁག་ནང་ཞུགས་ནས། ཁྲག་ནད་ཕོག་མཁན་དེ་བས་མང་བའི་ཚེ་སྲོག་སྐྱོབ་རྒྱུའི་རེ་འབོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།