དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་བྱེད་སྟངས་དང་བྱེད་ཐབས་ལ་སྣང་ཆེན་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-05-31

    ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་གཏིང་ཟབ་ཅིང་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་ལ། རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཀྱང་ཡིན་པས། ངེས་པར་དུ་ཡང་དག་པའི་སྒྱུར་བཅོས་བྱེད་ཐབས་མཐའ་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་དུས་རབས་ཀྱི་བླང་བྱ་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པར་བྱེད་དགོས་ཞེས་གསུངས་པ་དང་། “གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས་པ”དང་། “མ་ལག་འདུས་གྲུབ་ལ་སྔར་བས་མཐོང་ཆེན་བྱེད་དགོས་པ”“འཆར་འགོད་ལ་མཐོང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་མཐོང་ཆེན་བྱེད་དགོས”ཞེས་ནན་བཤད་གནང་སྟེ། རྒྱང་ལམ་གསར་པར་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་རྒྱུར་ཚན་རིག་དང་མཐུན་པའི་བྱ་ཐབས་མཁོ་འདོན་གནང་ཡོད་ལ། ལག་ལེན་གྱི་ཐབས་ལམ་ཡང་གསལ་སྟོན་གནང་ཡོད་པ་རེད།

    སྒྱུར་བཅོས་བྱེད་པར་གཏོར་རྒྱུ་ཡོད་ལ་འཛུགས་རྒྱུ་ཡང་ཡོད་པས་དེའི་ཆོས་ཉིད་ཁོང་དུ་ཆུད་ཚེ་ངལ་བ་ཆུང་ལ་འབྲས་བུ་ཆེན་པོ་ཐོན་སྲིད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་དང་། རྩེ་རིམ་ཇུས་འགོད་དང་ཆུ་ལ་དཔགས་ནས་རགས་རྒྱག་རྒྱུ་ཕན་ཚུན་མཐུན་སྦྱོར་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་གཅིག་གྱུར་མཐའ་འཁྱོངས། ཚོད་ལྟ་སྔོན་ལ་བྱེད་པ་དང་ཕྱོགས་ཡོངས་ནས་ཕན་ཚུན་སྐུལ་འདེད་མཐའ་འཁྱོངས་བཅས་བྱེད་པ་ལ་སོགས། དུས་རབས་གསར་པ་ཤར་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། སྒྱུར་བཅོས་སྒོ་དབྱེ་ཚུན་གྱི་ཕུན་སུམ་ཚོགས་ཤོས་དང་། ཆ་ཚང་ཤོས། མ་ལག་ལྡན་ཤོས་བཅས་ཀྱི་སྒྱུར་བཅོས་ཀྱི་བརྟག་ཐབས་སྨྲ་བ་གྲུབ་པ་དང་། འགག་སྒྲོལ་དཀའ་སེལ་ཁྲོད་སྒྱུར་བཅོས་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་པ་དང་རྒྱལ་ཁ་གསར་པ་ཐོབ་པར་འགན་ལེན་བྱས་ཡོད། དེང་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཡིན་པས། སྒྱུར་བཅོས་ཀྱི་ལམ་བུར་སྔར་བཞིན་རྙོག་འཛིང་ཆེ་བའི་འགལ་ཟླ་དང་གནད་དོན་མང་པོ་འཕྲད་ཡོད་ལ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་ད་དུང་དཀའ་ངལ་མི་ཉུང་བ་ཞིག་སེལ་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་དང་། བྱེད་སྟངས་དང་བྱེད་ཐབས་ཡང་དག་ཁོང་དུ་ཆུད་ཚེ་གཞི་ནས་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་ཐུབ་པ་དང་སྒྱུར་བཅོས་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས་པ་དང་། སྒྱུར་བཅོས་ཇི་ལྟར་བྱས་ཀྱང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་སོགས་རྩ་བའི་གནད་དོན་ཐད་གཡོ་འགུལ་གཏན་ནས་གཏོང་མི་རུང་། དུས་མཚུངས་སུ་གསར་གཏོད་བྱེད་ཕོད་པ་དང་། སྒྱུར་བཅོས་བྱེད་དགོས་རིགས་དང་སྒྱུར་བཅོས་བྱེད་ཐུབ་རིགས་སྒྱུར་བཅོས་ཡག་པོ་དང་གནད་ལ་འཁེལ་པོ་བྱེད་དགོས་ཤིང་། གཏན་འཁེལ་ཚེ་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། གཞུང་འཁྱོངས་བྱས་ཚེ་གཞི་ནས་ཁ་ཕྱོགས་མི་འཛོལ་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཐོན་མི་སྲིད། གསར་གཏོད་བྱས་ཚེ་གཞི་ནས་དུས་རབས་ལ་སྟངས་འཛིན་དང་དུས་རབས་ལ་ཁྲིད་སྟོན་བྱེད་ཐུབ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། འདུན་པ་མི་བསྒྱུར་བ་དང་འགྲོ་ལམ་མི་བསྒྱུར་བ་མཐའ་འཁྱོངས་བྱས་ཏེ། ཕྱི་བཀག་ནང་སྡོམ་གྱི་འགྲོ་ལམ་རྙིང་པར་བསྐྱོད་མི་རུང་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་འགྲོ་བར་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་དང་འགྲོ་ལམ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྟུན་ནས། ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་འབྱེད་གསར་གཏོད་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་བྱས་ཏེ་འགལ་ཟླ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་ནུས་ལྡན་བྱེད་པའི་བསམ་བཀོད་དང་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཚན་རིག་དང་མཐུན་པའི་འཆར་འགོད་དང་གསར་གཏོད་ཀྱི་བློ་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་དགོས།

    “སྒྱུར་བཅོས་བྱེད་པར་མ་ལག་འདུས་གྲུབ་ལ་དེ་བས་མཐོང་ཆེན་བྱེད་དགོས”མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་མཐོང་ཆེན་བྱེད་པ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན་ལ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། རྩིག་རྨང་འདིང་བ་དང་ཀ་གདུང་བརྟན་པོ་འཛུགས་པ་ནས་ཕྱོགས་ཡོངས་ནས་སྐུལ་འདེད་དང་རྨང་ཚུགས་སྟོབས་འཕེལ་བྱེད་པའི་བར་དང་། དེ་ནས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་ཆེའི་བར་དུ། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལམ་བུར་མགྱོགས་ལ་བརྟན་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཁྱབ་ཁོངས་མང་པོ་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་སྐྲུན། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། མིག་སྔར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ལས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་བླང་བྱ་གསར་པ་བཏོན་ཡོད། མ་ལག་འདུས་གྲུབ་ལ་དེ་བས་མཐོང་ཆེན་བྱེད་པར་སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་གི་བསམ་གཞིག་ལ་བརྟེན་ནས་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་བྱེད་ཐབས་ཁག་མཐུན་སྦྱོར་དང་རྟ་སྒ་ཆ་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་སྒྱུར་བཅོས་བྱེད་ཐབས་ནས་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་དང་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་བཏང་ནས་རྟ་མགོ་རང་གྱེར་དང་ཀར་ཀོར་བྱེད་རེས་ཀྱི་སྣང་ཚུལ་བཀག་འགོག་དང་ཁྱད་བསད་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཧུར་བརྩོན་རང་འགུལ་བྱེད་དགོས་ལ། དེ་བས་ཀྱང་བབ་བརླིང་ཏན་ཏིག་དང་། གོ་རིམ་ཁ་གསལ། དུས་ཚོད་དང་ཕན་འབྲས་ལ་སྟངས་འཛིན། ནུས་པས་ལྕོགས་ཚོད་བཅས་བྱེད་དགོས་པ་ལས་དོན་དངོས་དང་ཁ་བྲལ་མི་རུང”ཞེས་ནན་བཤད་གནང་བ་རེད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། གསར་གཏོད་བྱེད་ཕོད་པ་དང་། དངོས་འཛིན་དངོས་སྒྲུབ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་དང་དོན་འཁྱོལ་ལ་དམ་འཛིན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་པ་ཡག་པོ་ཞིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།