སྨན་གླིང་དུ་ཤིང་པད་མ་སེར་པོའི་མེ་ཏོག་རབ་ཏུ་བཞད་པ།
འདི་ནི་རབ་ཏུ་བཞད་པའི་ཤིང་པད་མ་སེར་པོའི་མེ་ཏོག་ཡིན་པ།
འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་ཡུལ་སྐོར་བས་ཤིང་པད་མ་སེར་པོར་པར་རྒྱག་བཞིན་པ།
“ཤིང་སྣ་དང་ཆུ་སྣ་འཛོམས་པའི་སྨན་གླིང”ཞེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་ནས་སྨན་གླིང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་ཆེད། ཟླ་5ཚེས་28ཉིན་གྱི་སྔ་དྲོར། 2024ལོའི་སྨན་གླིང་གྲོང་ཁྱེར་གྱི་ཤིང་པད་མ་སེར་པོའི་བོད་སྨན་རིག་གནས་ཡུལ་སྐོར་བྱེད་སྒོ་སྐབས་བཅུ་དྲུག་པ་གནས་ཡུལ་ལྷོ་པ་མི་རིགས་ཤང་རྩྭ་ཀོང་རོང་དུ་སྤེལ་བ་རེད། སྐབས་འདིའི་ཤིང་པད་མ་སེར་པོའི་བོད་སྨན་རིག་གནས་ཡུལ་སྐོར་བྱེད་སྒོས་སྨན་གླིང་གི་བོད་སྨན་རིག་གནས་ཟབ་མོ་དང་། སྣ་མང་དམངས་སྲོལ་རིག་གནས། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས། མཛེས་ཤིང་ལྟ་ན་སྡུག་པའི་སྐྱེ་ཁམས་ཡུལ་ལྗོངས་བཅས་གང་ལེགས་མངོན་པར་བྱས་ཏེ། རིག་གནས་དང་། ཡུལ་སྐོར། ཞིང་ལས། གསོ་རིག་སོགས་ཀྱི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་རེད། བྱེད་སྒོའི་ཉིན་མོར། སྨན་གླིང་གྲོང་ཁྱེར་གྱིས་ཤིང་པད་མ་སེར་པོའི་བོད་སྨན་རིག་གནས་ཡུལ་སྐོར་བྱེད་སྒོའི་ཚོང་འགུགས་མ་འདྲེན་གྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པར་འདོད་མཐུན་མ་འཇོག་སྒོར་དུང་ཕྱུར་12.8དང་ས་གནས་ས་ཐོག་ཏུ་མིང་རྟགས་བཀོད་པའི་མ་དངུལ་སྒོར་དུང་ཕྱུར་5.53ཟིན་ཡོད།