དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཐཱན་མེད”གྲོང་གསེབ་འཛུཌ་སྐྲུན་བྱས། ལྗང་མདོག་འཕེལ་རྒྱས་དོན་དུ་གཉེར།

    ​——རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྙན་རོང་གི་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-31

    འདི་ནི་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོའི་ཟུར་ཞིག་ཡིན་པ།

    སྙན་རོང་རྫོང་གི་ཕུན་སུམ་ཚོགས་པའི་འོད་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་འབྲོག་པའི་འཚོ་བའི་ཁྲོད་ཀྱི་ཐཱན་འབུད་ཚད་ཉུང་དུ་གཏོང་བ་དང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། 2023ལོར་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས“ཐཱན་མེད”མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། གཙོ་བོ་དུད་ཚང་གི་ཐོག་ཁར་འོད་ཤུགས་ཉི་འོད་ཤེལ་ལེབ་བསྒྲིགས་ནས་གློག་གཏོང་བ་དང་། རྫས་འགྱུར་ནུས་གསོག་སྒྲིག་ཆས་བསྒར་ཏེ། “འོད་ཤུགས་+ནུས་གསོག”གི་བྱ་ཐབས་སྤྱད་དེ་འབྲོག་པ་མང་ཚོགས་ཀྱི་ཕན་ནུས་་ཆེ་བའི་གློག་ཤུགས་ཐད“རང་གཏོང་རང་སྤྱོད་+དྲོད་གཏོང”མངོན་འགྱུར་བྱས་པ་དང་། གྲོང་ཚོ་དང་གྲོང་ལྷན་ལ་ནུས་རྒྱུ་གཙང་མ་མཁོ་འདོན་བྱེད་མང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་གཏོང་སྟངས་ཆགས་པར་བྱས་ཏེ། སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་ལྗང་མདོག་གྲོང་གསེབ་སྡེ་ཁུལ་འཛུགས་སྐྲུན་གྱི་ལམ་བུ་གསར་པ་བཏོད་ཡོད་པ་རེད།

    འོད་ཤུགས་གློག་གཏོང་བརྒྱུད་འབྲོག་དུད་ཀྱི་གློག་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ནས། གློག་རིན་དང་བུད་ཤིང་གི་རིན་གོང་གྲོན་ཆུང་ངེས་ཅན་ཐུབ་ཁར། ས་མཐོའི་སྡོད་མལ་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད་པ་རེད། དུག་ལུང་གྲོང་ཚོའི་འབྲོག་དུད་40ཡི་ཁང་པའི་ཐོག་ཁར་ཉི་འོད་ཤེལ་ལེབ་བཞག་ནས་དུད་ཚང་སོ་སོས་འོད་ཤུགས་གློག་སྤྱོད་པ་དང་རྫས་འགྱུར་ནུས་གསོག་སྒྲིག་ཆས་བཀོད་སྒྲིག་བྱས་པས་ཉིན་ལྟར་གློག་གཙང་མ་ཏུའུ་2000ལྷག་ཙམ་གཏོང་ཐུབ་སྟེ། འབྲོག་དུད་ཀྱི་རྒྱུན་གཏན་འཚོ་བ་དང་དྲོད་ལེན་གྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་པ་མ་ཟད། འབྲོག་པ་མང་ཚོགས་ཀྱི་གློག་ཤུགས་ཐད“རང་གཏོང་རང་སྤྱོད་+དྲོད་གཏོང”ཐུབ་ནས། གྲོང་ཚོ་དང་གྲོང་ལྷན་ལ་ནུས་རྒྱུ་གཙང་མ་མཁོ་སྤྲོད་བྱེད་པའི་གནད་དོན་ཐག་གཅོད་ཐུབ་ཡོད། སྔོན་ཆད་འབྲོག་དུད་གཅིག་གིས་དགུན་ཁའི་རིང་ལྕི་ཕུང་18ཙམ་སྤྱོད་པ་མ་ཟད། དགོང་མོ་ཉལ་དུས་ཚ་སོབ་སོབ་ཡོང་ཆེད་ནང་མི་ཚང་མ་ལྕགས་ཐབ་འཁྲིས་སུ་ཉལ་དགོས་ཀྱི་ཡོད། ད་ཆ་འོད་ཤུགས་གློག་གི་དྲོད་ལེན་ཐུབ་པས། ནང་མི་ཚོ་སོ་སོའི་ཁང་པའི་ནང་གཉིད་སྐྱིད་པོ་ཞིག་ཉལ་རྒྱུ་ཡོད་ལ། ཁང་པའི་ནང་དུའང་དེ་སྔོན་ལས་གཙང་དུ་ཕྱིན་ཡོད།

    ཁྱད་ལྡན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གཉེར་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། “ཐཱན་མེད”མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་དུག་ལུང་གྲོང་ཚོའི་ཉེ་འཁོར་གྱི་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་གྲོང་ཚོ་དེ་ཉིད་ནག་ཆུ་གྲོང་ཁུལ་དང་བར་ཐག་ཉེ་བའི་དམིགས་བསལ་གྱི་ས་ཁམས་ཆགས་ཚུལ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བ་དང་། ཆུ་ཚན་ཡུལ་སྐོར་དང་ལུས་གསོའི་རྟེན་གཞི་བསྐྲུན་ནས་དུག་ལུང་གྲོང་ཚོའི་འབྲོག་པ་ལས་ཞུགས་དང་ཡོང་འབབ་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་བྱས་ཡོད། དུག་ལུང་གྲོང་ཚོའི་གཡུ་རྩེ་ཆུ་ཚན་ནི་ནག་ཆུ་གྲོང་ཁྱེར་གྱི་ཆོག་མཆན་ཐོབ་པའི་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་ལུས་གསོའི་དཔེ་སྟོན་རྟེན་གཞི་ཐོག་མ་དེ་ཡིན་ཞིང་། 2023ལོར་དུག་ལུང་གྲོང་ཚོའི་ཆུ་ཚན་ཡུལ་སྐོར་ཐོན་ལས་ལ་ཡོང་འབབ་སྒོར་ཁྲི་402བྱུང་བ་དང་། འོད་ཤུགས་གློག་གཏོང་གིས་ལོ་ལྟར་ཡུལ་སྐོར་ཐོན་ལས་ལ་གློག་ཏུའུ་ཁྲི་70ལྷག་ཙམ་མཁོ་འདོན་བྱས་པས། གཉེར་སྐྱོང་གློག་རིན་སྒོར་ཁྲི་30ལྷག་ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།

    སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་སྐྱོར་ལས་དོན་ཚོཌ་ཆུང་གི་ཙུའུ་ཀྲང་པའེ་མིང་གིས། ད་ལོ་རྒྱལ་ཁབ་ནུས་རྒྱུ་ཚོགས་པས“ཐཱན་མེད”མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུཌ་སྐྲུན་རྣམ་གྲངས་མུ་མཐུད་ལག་བསྟར་དང་། མ་དངུལ་སྒོར་ཁྲི་300བཏང་བའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་རྨང་གཞིའི་ཐོག་མུ་མཐུད་མ་དངུལ་སྒོར་ཁྲི་700ཙམ་བཏང་ནས་ས་འོག་ཚ་ནུས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་དང་དེ་བཞིན་ལེ་ལག་ཚང་བའི་འོད་ཤུགས་གློག་གཏོང་འཛུཌ་སྐྲུན་བྱ་རྒྱུ་ཡིན་ཞིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་སྟོང་ཙམ་གཏོང་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས་འབྲོག་པ་མང་ཚོགས་ཀྱི་གློག་ཤུགས་ཐད“རང་གཏོང་རང་སྤྱོད་+དྲོད་གཏོང་+ས་འོག་ཚ་ནུས་རིག་གནས་ཡུལ་སྐོར་ཐོན་ལས་ལ་རམ་འདེགས”བཅས་ཀྱི་འཁོར་རྒྱུག་བྱེད་སྟངས་མངོན་འགྱུར་ཐུབ་ནས། འབྲོག་པ་མང་ཚོགས་ཚོ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་། ནུས་རྒྱུ་གཙང་མའི་གློག་གཏོང་གིས་ས་འོག་ཚ་ནུས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁེ་སྤོགས་མཐོ་རུ་ཕྱིན་ཏེ། ལྗང་མདོག་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་མཚོན་གཏོད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།