དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2024ལོའི་འཛམ་གླིང་སྦྲང་ནོར་བུའི་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-31

     ཉེ་ཆར་ཀྲུང་གོའི་སྦྲང་རྩིའི་ཐོན་རྫས་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་ལས་རིགས་རྩལ་ནུས་དཔྱད་འདོམས་མཛུབ་ཁྲིད་ལྟེ་གནས་དང་བོད་ལྗོངས་མཁོ་འཚོང་མཉམ་ལས་ཁང་སོགས་ཀྱིས་རྒྱབ་སྐྱོར་བྱས་པའི“5·20འཛམ་གླིང་སྦྲང་ནོར་བུའི་ཉིན་མོ”སྐབས་བདུན་པའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་དུ་གཉེར་བ་རེད། ཚོགས་ཞུགས་མི་སྣས་བོད་ཀྱི་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པ་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ལྷོ་ཁ་བོད་ལྗོངས་སྦྲང་ནོར་བུའི་རིག་གནས་སྐྱེ་ཁམས་ཉམས་ལེན་གླིང་དུ་སྣ་མང་ཕུན་སུམ་ཚོགས་པའི་སྦྲང་ནོར་བུའི་ཉིན་མོའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་སྦྲང་རྩིའི་ཐོན་རྫས་འཁོར་རྒྱུག་དྲ་རྒྱ་ལེགས་སུ་ཧུར་ཐག་གཏོང་བ་དང་། སྦྲང་ནོར་བུའི་ལས་རིགས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྦྲང་ནོར་བུ་གསོ་མཁན་སྒྲིག་འཛུགས་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྦྲང་ནོར་བུའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་གནས་དེ་གའི་ཞིང་པའི་འབབ་འཕར་ཕྱུག་འགྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་ཀྱི་སྦྲང་ནོར་བུའི་ལས་རིགས་ཀྱི་སྤུས་རྟགས་གཏོད་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས། འཛད་སྤྱོད་པར་སྤུས་ལེགས་ཀྱི་ས་མཐོའི་ཁྱད་ལྡན་གྱི་སྦྲང་རྩིའི་ཐོན་རྫས་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།