དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཁམ་ཀྲུང་ཞིང་ལས་མཉམ་ལས་ཀྱི་གོ་སྐབས་གསར་པ་མཐོང་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡའོ་ཞུའེ་ཆིང་།   |     སྤེལ་དུས།  2024-05-30

    “སློབ་ཕྲུག་ཚོ། ཁམ་ཕུ་ཁྲེའི་ཞིང་ལས་ཀྱི་ཀ་རྟེན་ནི་ཆུ་ཐོན་དངོས་རྫས་གསོ་སྤེལ་དང་ཆུ་འབྲས་འདེབས་འཛུགས་ཡིན་པ་དང་ཀྲུང་གོའི་ཅང་སུའུ་ཞིང་ཆེན་ནི་ཐོན་ཁུངས་ཀྱིས་ཕྱུག་པའི་ས་ཁུལ་ཞིག་ཡིན་པས། ཕྱོགས་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད” དེ་ནི་ཉིན་ཤས་གོང་ཁམ་ཕུ་ཁྲེའི“ཐོན་ཁུངས་ཀྱི་བར་ཁྱམས”འཛུགས་སྐྲུན་ཤེས་ལྡན་པའི(ཅང་སུའུ)གཟབ་སྦྱོང་འཛིན་གྲྭའི“ཉ་དང་འབྲས་མཉམ་དུ་གསོ་བའི་ལག་རྩལ”གྱི་སློབ་ཚན་སྐབས། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་སློབ་ཚན་འགོ་འཛུགས་སྐབས་བཤད་པའི་སྐད་ཆ་རེད།

    སློབ་ཚན་དེ་གྲལ་སྒོར་གླེང་སྟེགས་ཀྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཅང་སུའུ་ལི་ཤ་ཧོ་ས་ཁུལ་གྱི་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཅ་ཧུང་གིས་གྲ་སྒྲིག་ཨང་བསར་བྱས་པའི་བསླབ་གཞིའི་ནང་ཞིང་ལས་འདེབས་འཛུགས་ཀྱི་པར་དང་བརྙན་ཐུང་གིས་ཁེངས་ཡོད་པས། ཁམ་ཕུ་ཁྲེའི་སློབ་མ་ཚོས་མཐོང་བ་ཙམ་གྱིས་ནང་དོན་གསལ་པོ་རྟོགས་ཐུབ་ཡོད། ཀྲུང་གོའི་སྔོན་ཐོན་ཞིང་ལས་ལག་རྩལ་ལ་བཅངས་པའི་དགའ་མོས་ཆེན་པོར་བརྟེན་ནས་སློབ་མ་ཚོས་སློབ་ཚན་འཚོག་སྐབས་ཀྲང་ཅ་ཧུང་ལ་འདྲི་བ་མང་པ་བཏོན་ཞིང་། སློབ་གསེང་ངལ་གསོའི་སྐར་མ་15དེ་ཡང་གྲོས་བསྡུར་ནང་འདས་པ་རེད།

    ད་ཐེངས་དུས་ཡུན་ཉིན་13གྱི་ཞིབ་སྦྱོང་འཛིན་གྲྭ་དེ་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ཕྱི་དོན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་ཅང་སུའུ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་གཉེར་འགན་འཁུར་བ་ཞིག་ཡིན་པ་དང་། དེར་ཁམ་ཕུ་ཁྲེའི་ཞིབ་འཇུག་སྒྲིག་གཞི་དང་། ཞིང་ལས་སྡེ་ཚན། དེ་བཞིན་ཁེ་ལས་བཅས་ནས་ཡིན་པའི་སློབ་གཉེར་བ་12ཞུགས་ཡོད་པ་རེད།

    “ཅང་སུའུ་ཡི་གྲོང་གསེབ་ས་ཁུལ་དུ། ངས་དེང་རབས་ཅན་གྱི་ཞིང་ལས་མཉམ་ལས་ཁང་ལ་ལྟ་སྦྱོང་བྱས་པ་ཡིན། ཞིང་དུད་ཀྱིས་ལག་རྩལ་གསར་པ་དང་ཞིང་འཕྲུལ་སྤྱད་དེ་རྒྱུད་འདྲེས་ཆུ་འབྲས་བཏབ་པས་ཐོན་འབབ་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པའི་ཁར་འབབ་འཕར་ཡང་བྱུང་བ་མཐོང་བྱུང”ཞེས་ཁམ་ཕུ་ཁྲེའི་ཞིང་ལས་ཞིབ་འཇུག་དང་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་པོ་ཀྲན་ཐིས་བཤད་ཅིང་། ཁོང་གིས་ཞིང་ལས་ནི་ཁམ་ཕུ་ཁྲེའི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ཡིན་ཞིང་། ཁམ་ཕུ་ཁྲེས་ཀྲུང་གོ་དང་ཞིང་ལས་མཉམ་ལས་བྱེད་པར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། “ཞིབ་སྦྱོང་འཛིན་གྲྭ་དེ་སྐར་ཁུང་ཞིག་དང་འདྲ་བར། སྐར་ཁུང་དེ་བརྒྱུད་ངས་ཁམ་ཀྲུང་ཞིང་ལས་མཉམ་ལས་ཀྱི་གོ་སྐབས་གསར་པ་མཐོང་བྱུང”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།