དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་རྔ་པར་གློག་ཤུགས་ཀུང་སིས་ཐད་གཏོང་ཟོག་ཚོང་བྱས་ནས་ཞིང་པར་འབབ་འཕར་ཡོང་བར་རོགས་རམ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-30

    ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སིའི་རྔ་པ་གློག་འདོན་ཀུང་སིས་ཐད་གཏོང་ཟོག་ཚོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་དྲ་བ་སྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ། གློག་ཤུགས་དང་དེང་རབས་ཞིང་ལས་ཐོན་སྐྱེད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་པོ་ནས་ཤུགས་རྒྱག་པ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ཡོད། མིག་སྔར་དབུན་ཁྲོན་རྫོང་གི་སེའུ་སྨིན་ནས་ཁྲོམ་རར་འདོན་འགོ་ཚུགས་ཤིང་། ཟླ་5ཚེས་24ཉིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་ཝུའེ་ཀྲོའུ་གྲོང་རྡལ་ཁེ་ཁུའུ་གྲོང་ཚོར་རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སི་རྔ་པ་གློག་འདོན་ཀུང་སིའི་ཏང་དང་སྡེ་ཚོགས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་གིས་སེའུ་ཡི་རྟེན་གཞིར་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད། དྲ་གྲོགས་ཚོར་སེའུ་ཕྱིར་ཚོང་བྱས་ནས་ས་གནས་དེ་གའི་ཞིང་དུད་ལ་འབབ་འཕར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།