དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-05-30

    “རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་སྟེ། “སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་ཆེད་རེད”ཅེས་གསུངས་པ་དང་། ཁོང་གིས“མི་དམངས་སྤྱི་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་གཞིགས་ནས་སྒྱུར་བཅོས་འཆར་འགོད་དང་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། སྨན་རྫས་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱིས་མང་ཚོགས་ཀྱི་སྨན་རིན་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་པ། ཐེབས་རྩ་ཆད་ལྷག་གསབ་རེས་ཐད་ཤུགས་སྣོན་བརྒྱབ་སྟེ་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སྤྱི་འདོམས་ཀྱིས་རྒན་གསོའི་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་པའི་འགན་ལེན་བྱས་པ། དེ་བས་ལེགས་པ་དང་དེ་བས་དྲང་གཞག་གི་སློབ་གསོར་གཞོལ་ནས་སློབ་གསོ་སྒྱུར་བཅོས་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་བ། མང་ཚོགས་ཀྱི་བསམ་པའི་དགོས་མཁོ་སྔར་བས་མང་བ་བསྐངས་ནས་སྤྱི་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་དམངས་རྣམས་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་ནང་འཚོ་བ་སྐྱེལ་ཐུབ་པ་ལ་སོགས། དམིགས་སའི་རང་བཞིན་ལྡན་ལ་རིན་ཐང་ཆེ་བའི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པས་མི་དམངས་ལ་ཁེ་ཕན་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་སེལ་ཐུབ་པས། མང་ཚོགས་ལ་སྒྱུར་བཅོས་ལས་བྱུང་བའི་འགྱུར་ལྡོག་གསར་པ་དངོས་སུ་ཚོར་ཐུབ་པ་བྱུང་ཡོད། སྒྱུར་བཅོས་ཀྱི་རིན་ཐང་ལྟ་བ་འཛིན་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་སྙིང་དབུས་ནས་གོང་བཀུར་ཐོབ་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱུང་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཕེལ་རྒྱས་མི་དམངས་ཀྱི་ཆེད་དུ་དང་། འཕེལ་རྒྱས་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རིམ་གལ་ཆེན་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོས་ནས་བརྗོད་ན་དམངས་འཚོ་གཙོ་ཆེ་ཤོས་རེད”ཅེས་གསུངས་ཡོད། མི་དམངས་བདེ་སྐྱིད་ཁམས་བདེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐར་ཐུག་གི་དམིགས་ཡུལ་རེད། ད་ཆ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་བས་ཆེ་བས་མི་དམངས་མང་ཚོགས་ཀྱི་དགོས་མཁོར་སྣ་མང་ཅན་དང་། རིམ་པ་མང་བ། ཕྱོགས་མང་བ་བཅས་ཀྱི་ཁྱད་ཆོས་མངོན་ཡོད། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པའི་མདུན་དུ་ངེས་པར་དུ་མུ་མཐུད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།

    གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་དང་མི་དམངས་ཀྱི་བསམ་ཚུལ་ནི་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡིན། ད་ཆ་མི་དམངས་མང་ཚོགས་ལ་ད་དུང་སེམས་ཁྲལ་དང་མ་སྐྱིད་པའི་བྱ་བ་མི་ཉུང་བ་ཞིག་ཡོད་ལ། ང་ཚོའི་དམངས་འཚོའི་ལས་དོན་ཐད་ད་དུང་མི་རྣམས་ཀྱི་བློ་ལ་མི་བབ་པའི་ཆ་མི་ཉུང་བ་ཞིག་ཀྱང་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་དགོས་པ་དང་། ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཀྱི་གནད་དོན་གལ་ཆེན་ལ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་དང་འཐབ་ས་དང་པོའི་སྐད་སྒྲ་མང་ཙམ་ཉན་གང་ཐུབ་བྱེད་དགོས། མི་དམངས་ལ་འབོད་སྒྲ་ཡོད་ཚེ་སྒྱུར་བཅོས་བྱེད་སྐབས་བསྟུན་ཐུབ་པ་བྱས་ཏེ་ལས་ཞུགས་དང་། འབབ་འཕར། སློབ་ཞུགས། སྨན་བཅོས། སྡོད་ཁང་། ལས་སྒྲུབ། བུ་བཅོལ་རྒན་གསོ་བཅས་དང་དེ་བཞིན་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སོགས་མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་འཕྱུགས་མེད་འཚོལ་བར་མཐོང་ཆེན་བྱས་ཏེ། དམངས་འཚོའི་སེམས་ཁྲལ་བྱེད་ས་དང་དམངས་སེམས་གཏད་སའི་སྒྱུར་བཅོས་བྱེད་ཐབས་མང་ཙམ་འདོན་པ་དང་། དམངས་འཚོར་ཕན་པ་དང་། དམངས་སེམས་དྲོད་པ། དམངས་འདུན་སྒྲུབ་པ་བཅས་ཀྱི་དོན་དངོས་མང་ཙམ་བསྒྲུབ་དགོས། མི་དམངས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་ཀྱི་མངགས་བཅོལ་ལག་བསྟར་བྱས་ཏེ་སྒྱུར་བཅོས་ཇུས་གཞིའི་རིན་ཐང་གང་ལེགས་མངོན་པ་དང་། བློ་གཅིག་སེམས་གཅིག་གིས་མི་སེར་གྱི་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབས་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་བྱས་ན་སྒྱུར་བཅོས་ལ་དོན་སྙིང་ལྡན་པ་དང་། མི་དམངས་ལ་བརྟེན་ནས་སྒྱུར་བཅོས་བྱས་ན་སྒྱུར་བཅོས་ལ་སྒུལ་ཤུགས་ལྡན་ཐུབ”ཅེས་ནན་བཤད་གནང་བ་རེད། མདུན་སྐྱོད་ཀྱི་ལམ་བུར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བ་དེ་དམ་པོར་བཟུང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཁོང་དུ་བརྟན་པོ་ཆུད་དེ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་དམངས་འདོད་དང་བསྟུན་པ་དང་། དམངས་འདུན་ལ་བརྩི་འཇོག དམངས་ཀྱི་གནས་ཚུལ་ལ་དོ་ཁུར། དམངས་འཚོར་ཤུགས་རྒྱག་པ་བཅས་བྱས་ཚེ་ང་ཚོས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གིས་མི་དམངས་ཡོངས་ལ་ཕན་པ་འདོགས་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།