མཚོ་སྔོན་གྱིས་དངོས་སུ་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་1.33ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དྲུག་པའི་རིང“མཛེས་སྡུག་ལྡན་པའི་མཚོ་སྔོན·སྐྱེ་ཁམས་ཀྱི་སྤུས་རྟགས”ཞེས་པའི་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོར་ཞུགས་མཁན་ཞིང་ཆེན་ནང་ཁུལ་གྱི་གཉེར་སྐྱོང་བྱེད་པོ་86གིས་བསྡོམས་རྣམ་གྲངས་43ལ་གན་རྒྱ་བཞག་པ་དང་། འདོད་མོས་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་2.93ཟིན་པ། དངོས་སུ་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་1.33ཟིན་ཡོད། རིམ་རྩིས་བྱས་ན་ས་ཆ་དངོས་སུ་ཕྱིར་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི་210.65ཟིན་པ་དང་། སྒོར་ཁྲི་19.35རི་བའི་ཉམས་ལེན་དངོས་རྫས་སྤྲད་པ། འགྲེམས་སྟོན་བྱ་ཡུལ་དུ་མི་འགྲུལ་མི་ཐེངས་63000ལྷག་ཙམ་ཟིན་ཡོད།