དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་རིན་ཐང་སྒོར་དུང་ཕྱུར་5000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-29

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་ཕན་འབྲས་ཆེན་པོ་ཐོབ་ནས་ཐོན་ལས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་དང་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་གྲུབ་འབྲས་གསར་པ་གཅིག་རྗེས་གཉིས་མཐུད་ངང་འཐོན་བཞིན་ཡོད། རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་རིན་ཐང་སྒོར་དུང་ཕྱུར་5000ཟིན་པ་དང་འབྲེལ་ཡོད་ཁེ་ལས་ཀྱི་གྲངས་འབོར་ཡང་4500ལྷག་ཙམ་ཡོད། འབྲེལ་ཡོད་ཞིབ་འཇུག་ཚན་པས་སྔོན་དཔག་བྱས་པར་གཞིགས་ན། 2035ལོར་རང་རྒྱལ་གྱི་མི་ཐབས་རིག་ནུས་ཐོན་ལས་ཀྱི་གཞི་ཁྱོན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི་1.73དང་གོ་ལ་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་30.6%ཟིན་རེ་ཡོད་ཅིང་། འདི་ནི་ཧོ་པེ་པའོ་ཏིང་ཁྲང་ཁྲེང་ཞིབ་ལས་རང་འགུལ་ཅན་གྱི་བཟོ་གྲྭའི་5G—Aརླངས་འཁོར་མཉེན་ལྡེམ་ཐོན་སྐྱེད་འཁོར་ཁང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།