དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀྲེ་ཅང་དུ་བྱང་ཐང་མི་རིཌ་ལག་ཤེས་བཟོ་རྩལ་ཐོན་རྫས་ལྟེ་གནས་ཚོང་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    འདི་ནི་གྲོང་མིས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཆེད་ཚོང་ལྟེ་གནས་ཚོང་ཁང་དུ་ལག་ཤེས་བཟོ་རྩལ་ཐོན་རྫས་ཉོ་བཞིན་པ།

    ཉེ་ཆར་ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ཤིན་ཁྲེང་མྱུར་བགྲོད་ཞབས་ཞུའི་ཁུལ་དུ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཆེད་ཚོང་ལྟེ་གནས་ཚོང་ཁང་གི་སྒོ་ཕྱེ་སྟེ། འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་པ་རེད།

    ཅ་ཤིང་གྲོང་ཁྱེར་ཐུང་ཧུའེ་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སི་ནི་ཅ་ཤིང་ཡུལ་དེ་གའི་ཁེ་ལས་ཤིག་ཡིན་པ་དང་། མིག་སྔར་མྱུར་བགྲོད་ཞབས་ཞུ་ཁུལ་བརྒྱ་ལྷག་གི་གཉེར་སྐྱོང་དབང་ཆ་ཡོད་ལ། རང་རྒྱལ་གྱི་མྱུར་བགྲོད་ཞབས་ཞུའི་ཁུལ་གཉེར་སྐྱོང་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཁེ་ལས་ཤིག་རེད། ཐེངས་འདིར་གཤམ་འོག་གི་ཚོང་ཁང་ལ་ཁང་གླ་ཆག་ཡང་ངམ་རྩ་ཆག་བཏང་སྟེ་བོད་སྐྱོར་བྱ་གཞག་ལ་རྒྱབ་སྐྱོར་དང་ནག་ཆུའི་ཁེ་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་པ་རེད།

    “ཅ་ཤིང་བོད་སྐྱོར་གྱིས་ང་ཚོར་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་གི་ལས་སྟེགས་ཡག་པོ་འདི་འདྲ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མྱུར་བགྲོད་ཞབས་ཞུའི་ཁུལ་གྱི་ཐུན་མིན་ཐབས་ལམ་བརྒྱུད་གསེར་རྙེད་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་རྩྭ་ཐང་གི་ཕྱིར་ངོ་སྤྲོད་ཐུབ་སྟེ། མྱུར་བགྲོད་གཞུང་ལམ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་མགྱོགས་མྱུར་ཁྱབ་སྤེལ་གཏོང་ཐུབ་བྱུང”ཅེས་གསེར་རྙེད་ཆུས་ཅིང་རུའེ་གྲོང་ཁྱེར་མ་འཇོག་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པད་མ་སྲི་ཐར་གྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཅ་ཤིང་ཤིན་ཁྲེང་ཞབས་ཞུའི་ཁུལ་དུ་ཉིན་ལྟར་འགྲུལ་པ་མི་ཐེངས་ཁྲི་1ལྷག་ཙམ་ཟིན་པ་དང་། “ལྔ་གཅིག”གུང་གསེང་རིང་མི་ཁྲི་3ཙམ་ཟིན་པས། གསེར་རྙེད་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་དེ་བས་ཡངས་པའི་ཁྲོམ་ར་དང་འགྲེམས་སྟོན་གྱི་གོ་སྐབས་དེ་བས་མང་བ་ཐོབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།