དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསམ་གྲུབ་རྩེ་ཆུས་ཀྱིས“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་སེ་མའི་བྲོ་འཁྲབ་བཞིན་པ།

    ཉེ་ཆར། “ཀྲུང་གོར་ཡུལ་སྐོར་བྱེད། བདེ་སྐྱིད་འཚོ་བར་རོལ། ཤེས་དཔལ་དང་ཡུལ་སྐོར་མཉམ་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་བསམ་གྲུབ་རྩེ་ཆུས་ཀྱི་2024ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་མུ་ཏིག་མཚེའུ་སྤྱི་གླིང་དུ་དངོས་སུ་འགོ་ཚུགས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་འགྲེམས་སྟོན་དང་། མཛེས་ལྗོངས་ཁུལ་གྱི་པར་ལེན་འགྲེམས་སྟོན། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། བསམ་གྲུབ་རྩེ་ཆུས་ཀྱི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ནས་བསམ་གྲུབ་རྩེ་ཆུས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། ཡུལ་སྐོར་བས་བསམ་གྲུབ་རྩེ་ཆུས་ཀྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་གང་ལེགས་ཚོར་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ས་གནས་ས་ཐོག་ཏུ་ད་དུང་བསམ་གྲུབ་རྩེ་ཆུས་ཀྱི་སྒྱུ་རྩལ་ཚོགས་པ་བཙུགས་ནས་ལོ་10འཁོར་བའི་སྙན་ཞུའི་འཁྲབ་སྟོན་ཡང་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེར་བསམ་གྲུབ་རྩེ་ཆུས་ཀྱིས་རིག་གནས་ཐོན་ཁུངས་སྔོག་འདོན་སྲུང་སྐྱོང་དང་། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད། དེང་རབས་ཅན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་འཕེལ་རྒྱས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། ཐོན་རྫས་གསར་གཏོད་འཕེལ་རྒྱས། སྤུས་རྟགས་གསར་གཏོད་རིམ་སྤོར་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།