གྲ་ནང་རྫོང་རྔ་སྒྲ་ཤང་གིས་ཚན་རྩལ་ལ་བརྟེན་ནས་ཐང་རྒོད་ས་ཆ་ཕྱུག་འགྱུར་གྱི་ཞིང་སར་སྒྱུར་རོགས་བྱས་པ།
ཉིན་ཤས་གོང་། གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་དུ་གནས་པའི་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀྱི་དེང་རབས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་དྲོད་ཁང་ནང་སྐྱོད་སྐབས། དཀར་ཆ་དོད་པའི་དྲོད་ཁང་ཆེ་མོར་སྨྱུག་རྩྭ་དང་། པོ་ཚལ། བསོད་ནམས་དཔལ་འཛོམས། ཤིས་ཀྭ ཤིང་འབྲས་སྨི་ཀྭ་སོགས་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་སྐྱེ་འཚར་བཟང་བས་མི་རྣམས་དགའ་འོས་པ་ཞིག་ཡོད། ལས་མི་ཚོས་གོ་རིམ་ལྡན་པའི་ངང་སྔོག་འཐུ་དང་། དབྱེ་འབྱེད། ཐུམ་སྒྲིལ། གྲང་ཉར། སྒམ་ནང་བླུག་པ་བཅས་བྱས་ཏེ། སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ལྷ་ས་གོང་དཀར་གནམ་ཐང་ནས་ལྗོངས་ཕྱིར་དབོར་ཏེ་ཁྲང་ཧྲ་གྲོང་ཁྱེར་གྱི་གྲོང་མིར་འཚོང་གི་ཡོད།
རྔ་སྒྲ་ཤང་ལ་ཕུན་སུམ་ཚོགས་པའི་འོད་དྲོད་ཐོན་ཁུངས་དང་ཡངས་ཤིང་རྒྱ་ཆེ་ལ་བཟོ་ལས་ཀྱི་སྦགས་བཙོག་མེད་པའི་གྲམ་ཐང་དང་ཐང་རྒོད་མང་པོ་ཡོད་པ་དེ་དག་རྩེད་གོང་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་སྐྱོད་དགོས་ངེས་ཀྱི་ས་ཆར་ཡོད་ལ། དེར་གནམ་ཐང་དང་། ལྷ་ས། ལྷོ་ཁ་སོགས་དང་ཉེ་བའི་འགྲིམ་འགྲུལ་སྟབས་བདེའི་གནས་སའི་ལེགས་ཆའང་གང་ལེགས་ལྡན་ཡོད། 2019ལོའི་ཟླ་8པར་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག རྔ་སྒྲ་ཤང་གི་ཐང་རྒོད་མུའུ་3700གསར་སྤེལ་བྱས་ཏེ། དྲོད་དང་། ཆུ། རྫས་ལུད། ས་རྒྱུ་སོགས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོར་ལུགས་མཐུན་བཀོད་སྒྲིག་བྱས་པས། ས་ཆུ་གྲོན་ཆུང་དང་ནུས་ཆེའི་འཁོར་རྒྱུག་ཐུབ་པའི་གྲམ་ཐང་གི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད།
ལོ་མང་གི་འབད་བརྩོན་བརྒྱུད། དེ་སྔའི་ཐང་རྒོད་ད་ཆ་མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”དང་། ཞིང་ལས་མུ་མཐུད་འཕེལ་རྒྱས་གཏོང་བའི་ནོར་གཞོང་ལྟ་བུར་གྱུར་ཡོད་པ་རེད།