དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྨན་གླིང་གྲོང་ཁྱེར་གྱིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    ཉེ་ཆར། སྨན་གླིང་གྲོང་ཁྱེར་གྱི་མཁོ་འཚོང་མཉམ་ལས་ཁང་ཉི་མ་དམར་པོ་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་དྲོད་ཁང་ཆེན་པོའི་ནང་ལས་མི་ཚོས་སྲན་མའི་གང་བུ་དང་ཆེ་ཙི་འཐོག་པར་བྲེལ་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྨན་གླིང་གྲོང་ཁྱེར་གྱི་མཁོ་འཚོང་མཉམ་ལས་ཁང་ཉི་མ་དམར་པོ་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་ཁྱོན་སྔོ་ཚལ་མུའུ་320ལྷག་ཙམ་འདེབས་འཛུགས་བྱས་ཡོད་པ་དང་། ལོ་རེའི་ཐོན་འབོར་ཏུན་50ལྷག་ཙམ་ཟིན་ཞིང་། ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་20ལས་བརྒལ་ཡོད། དེ་དང་དུས་མཚུངས་སུ་འདེབས་འཛུགས་རྟེན་གཞིས་སྒྱུར་བཅོས་གསར་གཏོད་སྒུལ་ནུས་སུ་བྱེད་པ་དང་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་དམིགས་ཡུལ་དུ་བྱས་ཏེ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་། ས་ཁོངས་ཀྱི་བཀོད་པ་ལེགས་གཏོང་། འདེབས་འཛུགས(གསོ་ཚགས)ཐོན་སྐྱེད་བྱེད་སྟངས་དང་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་བཅས་བྱས་ནས། དེང་རབས་ཅན་གྱི་འདེབས་འཛུགས(གསོ་ཚགས)ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཞིང་འབྲོག་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཧུར་སེམས་དང་རང་འགུལ་སྐུལ་སློང་གང་ལེགས་བྱས་པ། ཞིང་འབྲོག་པ་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་པའི་སེམས་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།