པ་སྣམ་རྫོང་གིས་ཚན་རིག་ལག་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།
ཉེ་ཆར། པ་སྣམ་རྫོང་གི་དྲོད་ཁང་ཆེན་པོ་ཁག་གི་ནང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྔོ་ཐིང་ངེར་གནས་ཡོད། པ་སྣམ་རྫོང་གི་ཆེད་གཉེར་སྔོ་ཚལ་ལག་རྩལ་ཞབས་ཞུའི་རུ་ཁག་གི་ལག་རྩལ་པས་དྲོད་ཁང་ཆེན་པོར་བསྐྱོད་དེ་མང་ཚོགས་ཐོན་སྐྱེད་བྱེད་པར་མཛུབ་ཁྲིད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། པ་སྣམ་རྫོང་ཆེད་གཉེར་སྔོ་ཚལ་ལག་རྩལ་ཞབས་ཞུའི་རུ་ཁག་2023ལོའི་ཟླ་12པར་བཙུགས་པ་ནས་བཟུང་ཤང(གྲོང་རྡལ)འགན་གཙང་ལེན་པའི་དངོས་སྡོད་མཛུབ་ཁྲིད་ཞབས་ཞུའི་རྣམ་པ་སྤྱད་དེ་གྲོང་ཚོ་དང་དྲོད་ཁང་ཆེན་པོའི་ནང་ཐེངས་མང་ཕྱིན་ནས། སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དང་ཞིང་པའི་འདེབས་འཛུགས་དུད་ཚང་ལ་མཛུབ་ཁྲིད་ཐེངས་300ལྷག་ཙམ་བྱས་པ་དང་། གཅིག་སྡུད་གསོ་སྦྱོང་ཐེངས་8བྱས་ཏེ་གསོ་སྦྱོང་ལ་ཞུགས་མཁན་མང་ཚོགས་མི་ཐེངས་350ལྷག་ཙམ་ཟིན་པ། མང་ཚོགས་ཀྱི་འདེབས་འཛུགས་དཀའ་གནད་ཁག་20ལྷག་ཙམ་བསལ་བ། ཤིང་ཏོག་དང་སྔོ་ཚལ་སྣ་ཁ་8ནང་འདྲེན་བྱས་ནས་ཁྱབ་གདལ་བཏང་བ། ཤང་དང་གྲོང་རྡལ་ཁག་ལ་མྱུ་གུ་ཁྲི་8ལྷག་ཙམ་འདེབས་གསོར་མཛུབ་ཁྲིད་བྱས་པ། ཧྲན་ཏུང་ཞིང་ཆེན་ཧྲོའུ་ཀོང་གྲོང་ཁྱེར་ནས་ས་བོན་དང་རྫས་ལུད་སོགས་ཞིང་སྤྱོད་རྒྱུ་ཆ་མཐུན་སྦྱོར་ཧུར་ཐག་བྱས་པ་མ་ཟད། ད་དུང་རྒྱ་བོད་ཤན་སྦྱར་གྱི《ས་མཐོའི་ཤིང་ཏོག་དང་སྔོ་ཚལ་འདེབས་གསོ་ལག་རྩལ་དང་ནད་དང་འབུའི་གནོད་འཚེ་ཕོག་མིན་ངོས་འཛིན》ཞེས་པ་རྩོམ་སྒྲིག་བྱས་ནས་མང་ཚོགས་ཀྱི་ལག་རྩལ་མི་འདང་བའི་སེམས་ཁྲལ་ནུས་ལྡན་ངང་བསལ་ཡོད།