དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཁུལ་དུ་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    འདི་ལོ་ཚུན་དུ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ཏའོ་ཁྲང་ཤང་སྤྱི་ཚོགས་བཅོས་སྐྱོང་གཞུང་ལས་ཁང་དང་མངགས་གཏོང་ཁང་སོགས་སྡེ་ཚན་མང་པོས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གནད་དོན་ལ་དམིགས་ཏེ། དྲ་མིག་པ་དང་ཏང་ཡོན་དང་བླངས་པ་སོགས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་ཀྱིས་དྲ་ཐོག་ནས་ཁ་བསླུས་ལ་ངོ་རྒོལ་གྱི་ཐད་གཏོང་བྱེད་པ་དང་། སྡེ་ཁུལ་གྱི་གྲོང་མིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་སྐད་འཕྲིན་ཚོགས་པ་འཛུགས་པ། དེ་བཞིན་སྡེ་ཁུལ་གྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ས་ཚིགས་སྐྲུན་པ་བཅས་བྱས་ནས། ངོ་ཐུག་གདོང་འཕྲད་ཀྱིས་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མི་སེར་ལ་གྱོང་གུན་མི་ཕོག་པ་དང“དུས་བདེའི་ཏའོ་ཁྲང”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། འདི་ནི་ཏའོ་ཁྲང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཏའོ་ཁྲང་ཤང་ཧྥུའུ་ཡུས་སྡེ་ཁུལ་དུ་གྲོང་མིར་ཧུའུ་ཀྲོའུ་ཡི“ཁེ་ལས་དུས་བདེe”སྐད་འཕྲིན་ཚོགས་པར་འཛུལ་སྟངས་བསླབས་ནས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཤེས་པར་བྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།