དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆིན་པ་རི་ཁུལ་དུ་སྤྱི་ཕན་རྐང་རྩེད་སྤོ་ལོའི་སློབ་ཚན་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    ཉེ་ཆར། དེ་སྔའི་རྐང་རྩེད་སྤོ་ལོའི་ལས་རིགས་ལུས་རྩལ་པ་ཝང་འར་ཀྲོ་དང་ཤིས་ཨན་ཡིད་རྟོན་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་རྩལ་ཁྲིད་པ་ལས་གྲུབ་པའི་རྩལ་ཁྲིད་པའི་ཚོགས་པ་ཆིན་པ་རི་ཁུལ་དུ་གནས་པའི་ཧྲའན་ཤིས་ཞིང་ཆེན་ཞི་ཤང་རྫོང་དུ་ཡོང་ནས་དེ་གའི་རི་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ནང་དོན་ཕུན་སུམ་ཚོགས་པའི་སྤྱི་ཕན་རྐང་རྩེད་སྤོ་ལོའི་སློབ་ཚན་ཁྲིད་པ་རེད། གྲོང་གསེབ་ཀྱི་སྤྱི་ཕན་རྐང་རྩེད་སྤོ་ལོའི་སློབ་ཚན་ནི་ཧྲའན་ཤིས་ཞིང་ཆེན་སྤྱི་ཕན་རྐང་རྩེད་སྤོ་ལོའི་རུ་ཁག་གིས་གདན་ཞུའི་འགྲན་བསྡུར་ལ་བརྟེན་ནས་བཙུགས་པའི་སྤྱི་ཕན་བྱེད་སྒོ་ཞིག་རེད། དེ་སྔོན་ཧྲའན་ཤིས་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་70ལྷག་ཙམ་ལ་སྔ་རྗེས་སུ་བསྐྱོད་ནས་བྱེད་སྒོས“སྤྱི་ཕན་རྐང་རྩེད་སྤོ་ལོ། སྤྲོ་སྣང་རྐང་རྩེད་སྤོ་ལོ”ཞེས་པ་ཁྱབ་སྤེལ་བཏང་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་དགའ་པོ་ཡོང་ཆེད་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། འདི་ནི་ཧྲའན་ཤིས་ཞིང་ཆེན་ཞི་ཤང་རྫོང་སློབ་འབྲིང་གཉིས་པར་དེ་སྔོན་གྱི་རྐང་རྩེད་སྤོ་ལོའི་ལས་རིགས་ལུས་རྩལ་པ་ཝང་འར་ཀྲོ(གཡས་ཀྱི་དང་པོ)དང་སྤྱི་ཕན་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ལ་ཞུགས་མཁན་སློབ་མས་ཚོགས་ཆུང་བགོས་ནས་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།