དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-29

    ཟླ་5ཚེས་27ཉིན། ལྗོངས་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར(སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་པ་དང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་བཅའ་སྡོད་མངགས་གཏོང་ལས་ཁུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་1764ཡིས“ས་གནས་ས་ཐོག་དང་དྲ་ཐོག”གི་རྣམ་པའི་ཐོག་ནས་སྦྱོང་བརྡར་ལ་ཞུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་བཅའ་སྡོད་མངགས་གཏོང་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིཌ་ཚད་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། སློབ་སྦྱོང་གི་གཙོ་གནད་ལ་དམ་འཛིན། ཕན་འབྲས་དངོས་ལ་མཐོང་ཆེན། གཙོ་འགན་གཙོ་ལས་ལ་དམིགས་པ་བཅས་བྱས་ནས་སྣེ་ཁྲིད་དེ་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཅན་གྱིས་སྐུལ་འདེད་གཏོང་དགོས། མི་འདེམས་མི་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱས་ཏེ་མི་སྤྱོད་ཁོར་ཡུག་གི་སྤྱོད་བཟང་གཞུང་དྲང་ལ་བརྟེན་ནས་ཆབ་སྲིད་ཁོར་ཡུག་དྭངས་གཙང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཏེ་མང་ཚོགས་ཀྱིས་ཉེ་འགྲམ་ནས་དྲང་གཞག་དྲང་བདེན་ཚོར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།