བོད་ཀྱི་དུས་ཚིགས་གཉིས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་གྱི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཚེས་24ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་དུས་ཚིགས་གཉིས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་དོན་གྱི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་འཚོགས་ནས“ཞིང་གསུམ”ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དུས་བབ་ལ་དབྱེ་ཞིབ་བྱས་ནས་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས་ཐོན་ལས་དང་ལས་ཞུགས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་དང་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་ཤུགས་སྣོན་གཙོ་བོ་རྒྱག་པ་དང་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་ཐོན་ལས་དང་། ཐོན་ལས་འཕེལ་རྒྱས། ཚན་རྩལ་འདེགས་སྐྱོར། གེགས་འགོག་གེགས་སེལ་བཅས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་ཀའི་ལས་འགན་དུས་ཐོག་དང་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བཅས་བྱས་ཏེ།“ཞིང་གསུམ”ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།