དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་གཙོ་གནད་མངོན་གསལ་དོད་དུ་གཏོང་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-05-29

    “སྒྱུར་བཅོས་ཀྱི་གཙོ་གནད་མངོན་གསལ་དོད་དུ་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས“ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་ཁྱབ་ཁོངས་གཞན་དག་གི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཁ་ཕྱོགས་གཙོ་བོ་གསལ་སྟོན་དང་། བསམ་ཕྱོགས་དང་བྱེད་ཐབས་གལ་ཆེན་མཁོ་འདོན་གནང་བ་རེད།

    འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་སྔོན་ལ་ཐག་གཅོད་བྱས་ཏེ། སྤྱི་ཡོངས་སྐུལ་འདེད་གཏོང་རིང་གཙོ་གནད་ལ་ཚད་བརྒལ་ཡོང་བར་བྱེད་པ་དང་། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ཡོངས་མཆོང་སྐྱོད་ཡོང་བར་སྐུལ་ཁྲིད་བྱེད་པ་ནི་ང་ཚོས་སྒྱུར་བཅོས་འཆར་འགོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་རྩ་ཆེན་ཞིག་རེད། དུས་རབས་གསར་པ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་ཟམ་མི་ཆད་པར་བཏང་ནས། འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ནས་ཕྱོགས་ཁག་གི་སྒྱུར་བཅོས་བྱེད་སྟངས་བཀོད་སྒྲིག་བྱེད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ལ་བརྟེན་ནས་སྒྱུར་བཅོས་ལ་སྣེ་ཁྲིད་ཆེན་པོ་བྱས་ཏེ། སྒྱུར་བཅོས་གཏོང་རིང་ཕྱོགས་ཡོངས་ལ་ཤུགས་འདོན་དང་། གནས་མང་ཚད་བརྒལ། སྐུལ་འདེད་གཏིང་ཟབ་ཀྱིས་ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་གཞི་རྩའི་ཐོག་གཏན་འཁེལ་བྱས་པར། ཁྱབ་ཁོངས་མང་པོ་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཟོ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ཡོད། སྒྱུར་བཅོས་ཀྱི“གནད་འགག”སྟེ་ཁྱབ་ཁོངས་གལ་ཆེན་དང་། ལས་འགན་གལ་ཆེན། ཚོད་ལྟའི་ས་ཚིགས་གལ་ཆེན་བཅས་ལ་དམ་འཛིན་ཡག་པོ་དང་། འགག་རྩའི་བྱེད་པོ་དང་། འགག་རྩའི་ལྷུ་ཚིགས། འགག་རྩའི་མཚམས་ཚིགས་བཅས་ལ་དམ་འཛིན་ཡག་པོ་བྱས་ཚེ། གཞི་ནས་གཙོ་གནད་ཀྱིས་སྤྱི་ཡོངས་ལ་སྐུལ་ཁྲིད་ཐུབ་སྟེ་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་ལག་ལེན་ནས་ར་སྤྲོད་གང་ལེགས་ཐུབ་ཡོད།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་འཚམ་པའི་ཐོན་སྐྱེད་འབྲེལ་བར་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་དཔལ་འབྱོར་གྱི་རྨང་གཞིའི་འཕེལ་རྒྱས་དང་འཚམ་པའི་སྟེང་གི་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་བཟོ་བ་དང་། གཞི་ཆེའི་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་གསར་གཏོད་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། བསམ་བློར་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་འཕེལ་བ་བཅས་ལ་དམ་འཛིན་ལྷོད་མེད་བྱས་ཚེ། ཕྱོགས་གཞན་ཐད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཆེན་པོ་ཐེབས་ནས་ཕྱོགས་གཞན་ཐད་ཀྱི་སྒྱུར་བཅོས་དེ་མཚུངས་ཀྱིས་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ཐེབས་ཐུབ་པ་ལག་ལེན་གྱིས་ང་ཚོར་བསྟན་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་སྔར་བས་སྣང་ཆེན་བྱས་ཏེ་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱིས་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། སྟེང་གི་བཀོད་པ་དང་དེ་བཞིན་དཔལ་འབྱོར་རྨང་གཞི་དེ་བས་ལེགས་པའི་སྒོ་ནས་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། “དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དགོས་མཁོ་ནས་འགོ་འཛུགས་པ་དང་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ནས་དམ་འཛིན་བྱས་ཏེ་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་རིང་རིགས་པའི་གཞུང་ལུགས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་གཞན་དག་གི་སྒྱུར་བཅོས་ཀྱང་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་སྒྱུར་བཅོས་བྱེད་ཐབས་ཇུས་འགོད་བྱས་ཚེ་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པ་མངོན་འགྱུར་ཡོང་ངེས”སྒྱུར་བཅོས་སྒོ་དབྱེར་དཀའ་ངལ་མང་པོ་འཕྲད་ཀྱང་སྔར་བཞིན་མདུན་སྐྱོད་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། མདུན་སྐྱོད་ཀྱི་ལམ་བུར་ང་ཚོས་སྤྱི་ཡོངས་ལ་སྤྱི་འདོམས་དང་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རིང་གི་གནད་དོན་གལ་ཆེན་ལ་དམིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཇུས་འགོད་དང་། དཔལ་འབྱོར་སྒྲིག་སྲོལ་གྱི་སྒྱུར་བཅོས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་ཆབས་ཅིག སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པ་དང་། ཆབ་སྲིད། ཁྲིམས་སྐྱོང་། རིག་གནས། སྤྱི་ཚོགས། སྐྱེ་ཁམས། རྒྱལ་ཁབ་བདེ་འཇགས། ཏང་འཛུགས་སྐྱོང་བཅས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་དང་ཇུས་འགོད་ཡག་པོ་བྱས་ནས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚོད་འཛིན་བཟོ་བའི་འགག་གནད་ཀྱི་གནད་དོན་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད། སྤྱི་ཚོགས་དྲང་གཞག་དྲང་བདེན་དང་འགལ་བའི་གནད་འགག་དང་གླེང་མང་བའི་གནད་དོན་བཅས་ཐག་གཅོད་ཧུར་ཐག་བྱས་ཏེ། ཕྱོགས་ཁག་གི་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་སེལ་བ་དང་གདིང་རྩའི་ཁེ་ཕན་ལེགས་སྒྲིག་ཐད་ཀྱི་དཀའ་གནད་མང་ཙམ་བསལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན། བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ནས་ཚན་རིག་དང་མཐུན་པའི་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་དང་། སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་མངོན་གསལ་དོད་དུ་གཏོང་བ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སུ་ཐོད་བརྒལ་གསར་པ་ཡོང་བ་བཅས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་གཤག་མདུན་སྐྱོད་ལ་སྐུལ་འདེད་གཏོང་བ་དང་བརྗིད་ཆེའི་འཆར་གཞི་དེ་གོམ་སྟབས་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།