དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལི་ཡོན་ཤིང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-28

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་ནས་བརྡ་ཁྱབ་བཏང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ལི་ཡོན་ཤིང་གིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་ཚབས་ཆེན་འགལ་ནས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕུད་པ་རེད།

    ཉིན་ཤས་གོང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་ནུབ་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ལི་ཡོན་ཤིང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ལི་ཡོན་ཤིང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ངོས་ནས་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་ལས་འགན་རྒྱབ་ཏུ་བསྐྱུར་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་ལག་ལེན་ཡག་པོ་མི་བསྟར་བ། ས་གནས་དེ་གའི་ཆབ་སྲིད་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་བ། ཏང་ལ་ལྷག་བསམ་དང་གཞུང་དྲང་མེད་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་བ། ཡུན་རིང་སྒྲིག་ཁྲིམས་ལས་འགལ་ནས་ལག་རྟགས་དང་། འབུལ་རྟེན། འཛད་སྤྱོད་གཱ་བཅས་བླངས་པ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་བྱས་པ། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་འཁོར་རིགས་གཡར་སྤྱོད་བྱས་པ། རྩ་འཛུགས་དང་གླེང་མོལ་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་བྱས་མེད་པ། ལས་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་གཉེན་ཉེར་ལས་སྒྱུར་བྱེད་རིང་ཁེ་ཕན་དོན་གཉེར་བྱས་པ། རང་ཉིད་ཀྱིས་སྤྲོད་དགོས་པའི་གྲོན་དངུལ་མི་གཞན་ལ་སྤྲོད་དུ་བཅུག་པ། འགན་དབང་དང་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་ཉེར་རྣམ་གྲངས་འགན་གཙང་ལེན་པའི་ཐད་ཁེ་ཕན་སྤྲད་པ། སྒྲིག་འགལ་གྱིས་ཚོང་རའི་དཔལ་འབྱོར་བྱེད་སྒོར་ཐེ་ཇུས་དང་བར་འཚང་རྒྱག་པ། དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ། རྒྱུ་དབང་བརྗེ་ཚོང་ཤུགས་ཆེན་བྱས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་རྣམ་གྲངས་འགན་གཙང་ལེན་རིང་མི་གཞན་ལ་ཁེ་ཕན་གཉེར་བ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་ནོར་བླངས་པ་བཅས་ཀྱི་གནད་དོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།