ཤན་ཅུས་སྐྱེ་དངོས་སྣ་མང་རང་བཞིན་རྟེན་མཛོད་ཁང་སྒོ་འབྱེད་པའི་མཛད་སྒོ་འཚོགས་པ།
ཉེ་ཆར་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤན་ཅུས་རྫོང་དུ་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་བཙུགས་པའི་ཤན་ཅུས་སྐྱེ་དངོས་སྣ་མང་རང་བཞིན་རྟེན་མཛོད་ཁང་སྒོ་འབྱེད་པའི་མཛད་སྒོ་འཚོགས་པ་རེད། དེ་ནི་ཀྲེ་ཅང་ཞིང་ཆེན་གྱི་ས་ཁོངས་སྐྱེ་དངོས་སྣ་མང་རང་བཞིན་བརྗོད་དོན་གཙོ་བོར་བྱེད་པའི་སྐྱེ་ཁམས་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ཡིན་པ་དང་། དེའི་ནང་དངོས་དཔེ་600ལྷག་ཙམ་ཉར་ཚགས་བྱས་པའི་ཁྲོད། སྲོག་ཆགས་ཀྱི་གསོབ་དང་གཏེར་ཁའི་དངོས་དཔེ་སོགས་རིགས་མང་པོ་ཚུད་ཡོད་པ་རེད།