དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་བྱང་ཐང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པས་ཁ་བ་བུ་ཡུག་ཁྲོད་ཡངས་པའི་ས་གཞིར་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-27

    འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་སྲུང་སྐྱོང་རུ་མིས་རོང་དམར་ཤང་གི་གཡི་སྦུག་ཚྭ་ཁའི་འགྲམ་དུ་སྐོར་གཡེང་བྱེད་བཞིན་པ།

    འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་སྲུང་སྐྱོང་རུ་མིས་སྐོར་གཡེང་གི་ལམ་བར་དུ་ཚ་ཕོག་རྒྱག་བཞིན་པ།

    འདི་ནི་ནོར་བུ་གཡུ་རྒྱལ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་སྐལ་བཟང་ལྷུན་གྲུབ(གཡས་ཀྱི་གཉིས་པ)དང་རུ་མི་ཚོས་མི་མེད་གནམ་གྲུ་བཏང་ནས་གཙོད་གནས་སྤོས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།

    འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་སྲུང་སྐྱོང་རུ་མིས་དབྱི་ཞིག་རང་བྱུང་ཁམས་སུ་གློད་བཞིན་པ།

    འདི་ནི་རྐྱང་ཁྱུ་གཅིག་རི་སྐྱེས་སྲོག་ཆགས་ཆེད་ལས་སྲུང་སྐྱོང་རུ་མིའི་རླངས་འཁོར་གྱི་མདུན་ནས་རྒྱུག་བཞིན་པ།

    འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་སྲུང་སྐྱོང་རུ་མིས་མི་མེད་ཁུལ་དུ་ཡོད་པའི་སྔོན་གཤེགས་དཔའ་བོ་ནོར་བུ་གཡུ་རྒྱལ་གྱི་དྲན་གསོའི་རྡོ་རིང་མདུན་དུ་ངག་བསྡམས་ནས་གུས་འདུད་ཞུ་བཞིན་པ། ནོར་བུ་གཡུ་རྒྱལ་ནི་2002ལོར་ཁྲིམས་འགལ་རྔོན་རྒྱག་པ་དང་མེ་མདའ་རྒྱག་རེས་བྱེད་སྐབས་སྐུ་གཤེགས་པ།

    འདི་ནི་རི་སྐྱེས་སྲོག་ཆགས་ཆེད་ལས་སྲུང་སྐྱོང་རུ་མིས་སྐོར་གཡེང་ལམ་བར་གྱི་འཁྱགས་རོམ་མདུན་དུ་མཉམ་པར་རྒྱག་བཞིན་པ།

    ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གིས་རི་སྐྱེས་སྲོག་ཆགས་བདག་སྐྱོང་རྐང་འཛིན་པ་10ལྷག་ཙམ་བསྡུས་ནས་གཟའ་འཁོར་གཉིས་ཙམ་གྱི་དུས་ཚོད་སྤྱད་དེ་ཉི་མ་རྫོང་མངའ་ཁོངས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་ལ་གཅིག་སྡུད་སྐོར་གཡེང་བྱས་ཡོད།

    བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་པ་དང་ལྟེ་བའི་ཁུལ་མང་ཆེ་བ་མི་མེད་ལུང་སྟོང་ཡིན་པ་དང་། སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་དམིགས་བསལ་གྱི་མཐོ་གྲང་སྐྱེ་ཁམས་མ་ལག་དང་དེ་བཞིན་རྨིག་ལྡན་སྲོག་ཆགས་ཆེ་གྲས་སྣ་ཚོགས་ཡིན་པ་རེད། ཉི་མ་རྫོང་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས་11དང་སྲུང་སྐྱོང་པ་135ཡོད་ཅིང་། ཁོང་ཚོས་ལོ་ལྟར་ཁ་བ་བུ་ཡུག་ལ་མི་འཛེམས་པར་མི་མེད་ལུང་སྟོང་དུ་སྐོར་གཡེང་བྱས་དང་བྱེད་མུས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།