དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧུང་ལ་རི་བོའི་སྟེང་གི་སྲུང་དམག

    རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་བསོད་ནམས་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-27

    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲོང་ནས་རླངས་འཁོར་གྱི་ལམ་ཐག་ཆུ་ཚོད་གཅིག་ལྷག་ཙམ་ཡོད་པའི་ཧུང་ལ་རི་བོ་ནི་གོ་ལ་ཧྲིལ་པོའི་སྟོངས་ལ་ཉེ་བའི་ཡུན་ནན་གྱི་སྤྲེལ་ཁྲ་འཚོ་སྡོད་བྱ་ཡུལ་གལ་ཆེན་ཞིག་རེད། 2003ལོའི་ཟླ་བ་དང་པོར་བོད་ལྗོངས་སྨར་ཁམས་རྫོང་དུ་ཡོད་པའི་ཡུན་ནན་གྱི་སྤྲེལ་ཁྲ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་གར་གཞིས་ཆགས་ཤིང་། དུས་དེ་ནས་བཟུང་ཧུང་ལ་རི་བོ་དང་བསོད་ནམས་ཚེ་རིང་དབར་ལས་འབྲེལ་ཟབ་མོ་ཆགས།

    ལོ་48ལ་སླེབས་པའི་བསོད་ནམས་ཚེ་རིང་ནི་ད་ཆ་བོད་ལྗོངས་སྨར་ཁམས་རྫོང་དུ་ཡོད་པའི་ཡུན་ནན་གྱི་སྤྲེལ་ཁྲ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆབ་མདོ་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་ཡིན་ཞིང་། ལོ་20ལྷག་ཙམ་གྱི་གོང་དུ་དོ་དམ་ས་ཚིགས་ཁྱིམ་དང་བར་ཐག་ཉེ་པོ་ཡོད་སྟབས་བསོད་ནམས་ཚེ་རིང་གིས་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་ལས་ཀ་གདམ་ག་བྱས།

    ལོ་20ལྷག་ཙམ་རིང་བསོད་ནམས་ཚེ་རིང་གིས་སྲུང་སྐྱོང་ཁུལ་གྱི་མཐའ་ཡས་པའི་ནགས་ཚལ་གྱི་རྩྭ་རྩི་ཤིང་རེ་རེ་བཞིན་བསྲུངས་ཏེ་ཉིན་མཚན་ཀུན་དང་ལོ་མང་རིང་ནགས་གསེབ་ཏུ་ཕར་འགྲོ་ཚུར་འོང་གིས་མཛེས་སྡུག་ལྡན་པའི་ལང་ཚོ་ནགས་ཚལ་དེ་དང་ནགས་གསེབ་ཀྱི་སྲོག་ཆགས་དེ་དག་གི་ཆེད་འཁང་ར་སྤུ་ཙམ་ཡང་མེད་པར་སྐྱེས་སུ་ཕུལ་ནས་བོད་ལྗོངས་སྨར་ཁམས་རྫོང་དུ་ཡོད་པའི་ཡུན་ནན་གྱི་སྤྲེལ་ཁྲ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲགས་ཅན་གྱི“སྤྲེལ་རྒྱལ”ལ་གྱུར།

    “རྒན་རབས་པ་ཚོས་ང་ཚོར་ནགས་ཚལ་སྲུང་སྐྱོང་བྱེད་པ་ཙམ་མ་ཟད་དེ་གར་སྐྱེ་འཚར་བྱུང་བའི་མེ་ཏོག་དང་རྩྭ་རྩི་ཤིང་དང་། འདབ་ཆགས་དང་གཅན་གཟན་གྱི་ཁྱིམ་གཞིས་ཡིན་ལ་ངེད་ཚོ་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁྱིམ་གཞིས་ཀྱང་ཡིན་ཞེས་ཤོད་མྱོང་ཡོད”བསོད་ནམས་ཚེ་རིང་གིས་རང་ཉིད་ཀྱི་ཕྲག་སྟེང་དུ་འཁུར་བའི་འགན་འཁྲི་ལྕི་པོ་ཡོད་པ་ཚོར་བཞིན་ངེས་པར་དུ་ཁྱིམ་གཞིས་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད།

    སྐོར་སྲུང་ལས་དོན་བག་ཕེབས་ཤིང་སྤྲོ་སྣང་དོད་པ་ཞིག་ཡོང་ཆེད་བསོད་ནམས་ཚེ་རིང་གིས་རི་བོ་ཆེན་པོ་གར་སྟེགས་དང་། འདབ་ཆགས་ཀྱི་སྐད་སྙན་རོལ་དབྱངས། ལྗོན་ཤིང་རོགས་ཟླ་བཅས་སུ་བརྩིས་ནས་ལ་གླུ་སྦྱངས། ཁོང་གང་དུ་སླེབས་ཀྱང་དེ་གར་གླུ་སྒྲ་ལྷང་ལྷང་གྲགས་ཤིང་། ཁོང་གིས“རང་ཉིད་ན་གཞོན‘ལ་གླུ་མཁས་ཅན’ཞིག་ཡིན་ཞེས་བཤད་ཆོག”ཅེས་ཀུ་རེའི་ཚུལ་གྱིས་ཤོད་ཀྱི་ཡོད།

    བསོད་ནམས་ཚེ་རིང་ལ་སྤྲོ་སྣང་ཆེ་ཤོས་ཚོར་བ་ནི་ཡུན་ནན་གྱི་སྤྲེལ་ཁྲ་དང་ལས་འབྲེལ་བྱུང་བ་དེ་རེད། “ལོ་དེ་དག་རིང་སྤྲེལ་ཁྲ་མཐོང་ཐེངས་ཇེ་མང་དུ་འགྲོ་བ་དང་སྦྲགས་དེ་བས་ལྟ་འདོད་ཆེ་རུ་འགྲོ་གི་འདུག དེ་དག་མཐོང་རིམ་བཞིན་ངར་སྤྲོ་སྣང་ཆེན་པོ་ཚོར་གྱི་འདུག”ལོ་20ལྷག་ཙམ་རིང་གཤིབས་པ་བརྒྱུད་བསོད་ནམས་ཚེ་རིང་གིས་ཡལ་ག་ཆག་དུམ་དང་།

    བཙོག་གཅིན། སྐད་སྒྲ་བཅས་ལ་བརྟེན་ནས་ཡུན་ནན་གྱི་སྤྲེལ་ཁྲའི་རྗེས་ཤུལ་འཚོལ་ཐུབ་ཀྱི་ཡོད།

    ཡུན་ནན་གྱི་སྤྲེལ་ཁྲ་ཕུད་སྲུང་སྐྱོང་ཁུལ་དུ་ད་དུང་གསའ་དང་བྱ་མཇུག་ཁྲ་སོགས་རྒྱལ་ཁབ་ཀྱི་རིགས་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཀྱི་རིགས་60ཡོད་ཅིང་། རྟག་ཏུ་སྲོག་ཆགས་དེ་དག་མཐོང་སྐབས་བསོད་ནམས་ཚེ་རིང་ལ་སེམས་འགུལ་ཆེན་པོ་ཐེབས་ནས་ངལ་དུབ་རེ་ཞིག་ཡལ་ཏེ། ལག་ཐོགས་ཁ་པར་འཁྱེར་ནས་པར་བརྒྱབ་པ་དེ་དག་རྩ་ཆེའི་ནོར་བུ་ཞིག་ཏུ་གྱུར་ཡོད།

    རང་ཉིད་ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཆིང་ཁྲི་17.891ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་བདག་སྐྱོང་ཡག་པོ་བྱེད་པ་དང་དུས་མཚུངས། བསོད་ནམས་ཆེ་རིང་གིས་ད་དུང་སྲུང་སྐྱོང་ཁུལ་གྱི་དོ་དམ་དང་། སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་བདག་སྐྱོང་སོགས་འབྲེལ་ཡོད་ཤེས་བྱ་རང་འགུལ་ངང་སྦྱངས་ཏེ། སྨར་ཁམས་རྫོང་གི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། ནགས་ཚལ་དང་རྩྭ་ཐང་གསར་བརྗེ། ཚན་ཞིབ་ལྟ་ཞིབ་ཚད་འཇལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ཀྱི་ཡོད།

    བསོད་ནམས་ཚེ་རིང་སྲུང་སྐྱོང་ས་ཚིགས་ནང་གི་ལོ་ན་ཕྲ་ཤོས་ཤིག་ནས་རྒན་ཤོས་ཤིག་ལ་གྱུར་ཞིང་། ལོ་ཟླའི་དཀའ་སྡུག་ཡོངས་སུ་སྤྱད་པའི་ཁོང་ཕྱི་ཚུལ་ནས་བལྟས་ན་ཅུང་རྒས་ཡོད། འོན་ཀྱང་ཁོང་དང་རུ་མི་ཚོའི་སྲུང་སྐྱོང་འོག་རྩྭ་ཐང་དེ་བས་སྔོ་ལྗང་དང་། ལྗོན་ཤིང་དེ་བས་མཐོ་བ། རི་བོ་དེ་བས་མཛེས་པ། ཡུན་ནན་གྱི་སྤྲེལ་ཁྲའི་གྲངས་འབོར་ཡང་800ལྷག་ཙམ་བར་འཕར་བ་བཅས་རེད།

    མ་འོངས་པའི་ཐད་བསོད་ནམས་ཚེ་རིང་གིས“རང་ཉིད་ཀྱི་ལུས་པོ་བདེ་ཐང་བྱུང་ཚེ་ད་དུང་དེ་གར་ལོ་ཉི་ཤུ་ནས་སུམ་ཅུ་བར་སྲུང་སྐྱོང་བྱེད་འདོད་འདུག”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།