དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཀྲུང་ནེ་ཕྱོགས་གཉིས་ཀྱི་འཐུས་མིས་ཀྲུང་ནེ་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་སླར་ཡང་སྒོ་ཕྱེ་བར་བདེན་དཔང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-27

    ཟླ་5ཚེས་25ཉིན། ཀྲུང་ནེའི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་དངོས་སུ་སྒོ་དབྱེ་སླར་གསོ་བྱུང་བ་རེད། གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་དུ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཉི་མ་དང་ནེ་པ་ལའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཧྲི་ལེ་སི་ཐཱ་ཡིས་མཉམ་དུ་ཀྲུང་ནེའི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་དངོས་སུ་སྒོ་དབྱེ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ཀྲུང་ནེའི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་དེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་པས་གནས་སྐབས་མཚམས་བཞག་པ་རེད། 2024ལོའི་ཟླ་4པར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ཏེ། སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་ཀྱི་ཚོང་དོན་བྱེད་སྒོ་ཚད་ལྡན་དུ་བཏང་ཡོད། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་ལས་ཧུར་ཐག་བྱས་ཏེ་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་ཀྱི་སྒོ་དབྱེ་སླར་གསོའི་ལས་དོན་ཁག་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།

    མཛད་སྒོའི་ཐོག་བསོད་ནམས་ཉི་མས། ནེ་པ་ལ་དང་མཐའ་མཚམས་འབྲེལ་བའི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལར་འཛིན་པའི་མཛའ་མཐུན་མཛད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་དང་། སྔར་རྒྱུན་བཞིན་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར། ཕྱོགས་གཉིས་པོའི་མཐའ་མཚམས་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འགག་སྒྲོལ་ནུས་པ་མཐོར་གཏོང་། རྣམ་གྲངས་ལག་བསྟར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་ནེའི་འབྲེལ་བར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།