དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས་2024ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་བོད་ཀྱི་ཚོགས་ར་གཙོ་བོའི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-27

    ཟླ་5ཚེས་22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་ཡིན་ཞིང་། སྤྱི་ཚོགས་ལས་རིགས་ཁག་ལ་སྐུལ་སློང་གིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བྱ་སྤྱོད་སྤེལ་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་ཤེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ། སྤྱི་དམངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། བོད་ལྗོངས་སློབ་ཆེན་སོགས་འབྲེལ་ཡོད་ཚན་པས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དང་བོད་ལྗོངས་སློབ་ཆེན་དུ་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་བོད་ཀྱི་ཚོགས་ར་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་ལྟད་མོ་བ་ཚོས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་རང་བྱུང་འགྲེམས་སྟོན་ཁང་ལ་ལྟ་སྐོར་དང་། བོད་ལྗོངས་སློབ་ཆེན་དུ་ལྗོངས་ཕྱི་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་བརྗོད་དོན་གཙོ་བོའི་འཆད་ཁྲིད་ཉན་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཀྱི་ཤེས་བྱར་དེ་བས་རྒྱུས་ལོན་གཏིང་ཟབ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།