དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁེན་ནི་ཡར་རྒྱ་ཡིག་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-26

    “ཉིན་ཤས་གོང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཨ་ཧྥེ་རི་ཁར་འཚོགས་པ་དང་། ང་ཚོ་ཁུང་ཙི་སློབ་གླིང་གི་སློབ་མ་སྐད་སྒྱུར་བྱེད་པར་བཀོད་སྒྲིག་བྱས་ནས་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་དུ་ལྟ་སྐོར་བྱེད་པར་ཡོང་བའི་ཁེ་ལས་ཀྱི་འཐུས་མིར་འབྲེལ་བྱེད་བ་སྣེ་ལེན་ཞུས་པ་དང་། དེ་ནས་ང་ཚོས་གཉེར་འགན་ཁུར་བའི“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་སྐབས་23པའི་ཁེན་ནི་ཡ་འགྲན་ཁུལ་གྱི་འགྲན་བསྡུར་གྱི་གྲ་སྒྲིག་བྱས་པ་ཡིན།

    ཁུང་ཙི་སློབ་གླིང་4བཙུགས་པ་ནས་བཟུང་། ཁེན་ནི་ཡའི་རྒྱ་ཡིག་སྦྱོང་མཁན་སློབ་མའི་གཞི་ཁྱོན་དང་མི་གྲངས་རྒྱུན་མཐུད་མང་དུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། ཁུང་ཙི་སློབ་གླིང་བཙུགས་པ་ནས་བཟུང་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་དུ་ཐོ་འགོད་བྱེད་མཁན་སློབ་མ་22181ཡོད་པ་དང་རིག་གནས་བྱེད་སྒོས་སློབ་མ་མི་ཐེངས་142879ལ་ཕན་པ་ཐོབ་ཡོད། ཁུང་ཙི་སློབ་གླིང་དེའི་གཤམ་འོག་ཏུ་ཁུང་ཙི་སློབ་ཁང་1བཙུགས་པ་དང་། སློབ་འབྲིང་6ཏུ་རྒྱ་ཡིག་གི་སྤྲོ་སྐྱིད་ཁང་བཙུགས་པ། ད་དུང་མཉམ་ལས་ཚན་པ་13དང་མཉམ་དུ་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཁེན་ཡ་ཐ་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ཚུན་རིགས་ཁག་གི་སློབ་མ་5000ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    འདི་ནི་ཁའེ་ལུན་གྱིས“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་སྐབས་22པའི་ཁེན་ནི་ཡ་འགྲན་ཁུལ་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཐོག་ཤེས་རྩལ་ངོམ་བཞིན་པ།

    འདི་ནི་ཁེན་ནི་ཡ་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་གི་རིག་གནས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་ཨེ་ཀོ་ཏུན་སློབ་ཆེན་ཁུང་ཙི་སློབ་གླིང་དུ“རྒྱ་ཡིག+སྔོ་ཚལ་སྦྱར་ག་སྤྲོད་པའི་ལག་རྩལ”སློབ་ཚན་སློབ་ཁྲིད་བྱེད་བཞིན་པ།

    འདི་ནི་ཨེ་ཀོ་ཏུན་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཀྲུང་གོའི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཁེན་ནི་ཡར་ཞིང་ལས་ལག་རྩལ་གསོ་སྦྱོང་བྱེད་པ།

    འདི་ནི་ཁེན་ཡ་ཐ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཞིམ་ཟས་སྤྲོ་སྐྱིད་ཁང་གི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་གི་དགེ་སློབ་ཚོས་རྒྱ་ཡིག་སློབ་སྦྱོང་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

    འདི་ནི་ཁེན་ཡ་ཐ་སློབ་ཆེན་ཁུང་ཙི་སློབ་གླིང་གི་སློབ་མས་སློབ་ཚན་ཉན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།