དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གུས་ལུགས་འདུ་ཚོགས”གཉེར། ཡ་རབས་སྲོལ་གསར་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-26

    འདི་ནི་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ལུང་ཆོན་ཁྲོམ་གཞུང་པའེ་ཡུས་ཐན་སྡེ་ཁུལ་གྱི“གུས་ལུགས་འདུ་ཚོགས”སུ་འགྲིམ་འགྲུལ་ཉེན་རྟོག་པས་ཧུའུ་ཀྲོའུ་གྲོང་ཁྱེར་བུ་བཅོལ་ཁང་གསུམ་པའི་ཕྲུ་གུ་ཚོར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    2024ལོའི་ལོ་འགོ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ལུང་ཆོན་ཁྲོམ་གཞུང་གིས་སྡེ་ཁུལ་ཁག་ཏུ་དུས་བཀག་བཞིན“གུས་ལུགས་འདུ་ཚོགས”གཉེར་ཏེ། འོས་འགན་སྨན་བཅོས་དང་། སྐྲ་བཞར་བ། འཚེམ་བུ་དང་ལྷན་པ་རྒྱག་པ་སོགས་ཀྱི་དང་བླངས་ཞབས་ཞུ་དང་། དེ་བཞིན་འགྲིམ་འགྲུལ་ཁྲིམས་སྲོལ་ཁྱབ་གདལ་དང་། ཡ་རབས་ཀྱི་ཁྱི་གསོ་ཉར་བྱེད་སྟངས་དར་སྤེལ་གཏོང་བ། གསོལ་ཅོག་ཐོག་གི་གུས་སྲོལ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གྲོང་མིའི་ཡ་རབས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།