དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོས་མ་དངུལ་སྒོར་དུང་ཕྱུར་11.29བཏང་ནས་ཞིང་འབྲོག་པའི་བདེ་སྡོད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་པའི་སྡོད་ཁང་གི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་བ་དང་ཞིང་པའི་སྡོད་ཁང་གི་བཟོ་ལྟ་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ཞིང་འབྲོག་པའི་སྡོད་ཁང་གི་བདེ་འཇགས་འགན་ལེན་ཤུགས་ཆེན་བྱས་ཡོད། ཟླ་5ཚེས17ཉིན་བར། ཁྱོན་མ་དངུལ་སྒོར་དུང་ཕྱུར11.29བཏང་ནས་ཞིང་འབྲོག་པའི་ཉེན་ཡོད་ཁང་པ(ཡོམ་འགོག)24624སྒྱུར་བཀོད་བྱས་པ་དང་དུད་ཚང14338ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་བས། ཀྲོའུ་ཡོངས་ཀྱི་གྲོང་གསེབ་སྡོད་ཁང་གི་ཆ་རྐྱེན་དང་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། གྲོང་གསེབ་ཀྱི་རྣམ་པ་ཡང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    རྨ་ལྷོ་ཀྲོའུ་ཡིས་གྲོང་ཁྱེར(རྫོང)དང་ཤང(གྲོང་རྡལ)སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་པའི་སྡོད་ཁང་གི་བདེ་འཇགས་དང་སྤུས་ཚད་ལྟ་སྐུལ་ཚོགས་ཆུང་བཙུགས་ནས། གྲོང་ཚོའི“ཨུ་ལྷན་གཉིས”དང་ཏང་ཡོན་ལས་བྱེད་པ་སྐུལ་སློང་གིས་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་པའི་སྡོད་ཁང་བདེ་འཇགས་རྣམ་གྲངས་འཛུགས་སྐྲུན་དང་སྟབས་བསྟུན་ལྟ་ཞིབ་ཚད་ལེན་བྱེད་རོགས་བྱས་པ་དང་། རྣམ་གྲངས་ལག་བསྟར་ལ་མཐུན་སྦྱོར་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཆེད་བསྐོས་མི་སྣ་གཏན་འཁེལ་གྱིས་ཞིང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་སུ་དང་། ཉེན་ཡོད་ཁང་པ(ཡོམ་འགོག)སྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ལས་གྲྭ་ཞིག་ཏུ་འགྱུར་བར་བྱས་ཡོད།

    གཞན་ཡང་། རྨ་ལྷོ་ཀྲོའུ་ཡིས་གྲོང་གསེབ་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན་གྱི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྟབས་བསྟུན་གསར་འཕར་བྱུང་བའི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ལས་ཐོ་བཟོས་པ་དང་། མིག་སྔར་ཀྲོའུ་ཡོངས་ཀྱི་ཞིང་འབྲོག་པ་དུད་ཚང་55354ཡི་སྡོད་ཁང་བདེ་འཇགས་འགན་ལེན་གྱི་གྲལ་བཤེར་ཆེན་པོ་དང་། དག་ཐེར་ཆེན་པོ། རིམ་སྤོར་ཆེན་པོ་བཅས་ཀྱི་ལས་དོན་ལེགས་གྲུབ་ཟིན་ནས་སྡོད་ཁང་བདེ་འཇགས་གསལ་འབྱེད་རེའུ་མིག་དང་སྡོད་ཁང་བདེ་འཇགས་ཀྱི་རིམ་པའི་མཚོན་རྟགས་ཚང་མ་དུད་ཚང་ལ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།