དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “སེར་པི་ཡ་བ་སྔར་ལས་མང་བས་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་ཐུབ་རེ་བྱེད་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲེན་ཞའོ་ཞའོ་དང་རེན་ཡན།   |     སྤེལ་དུས།  2024-05-25

    ⇑ འདི་ནི་ནུའོ་ཝུའེ་ས་ཏེ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་སློབ་མ་ཚོས་ཀྲུང་གོའི་སྲོལ་རྒྱུན་གྱི་མཛེས་རྩལ་བརྩམས་ཆོས་ལ་ལྟ་བཞིན་པ།

    འདི་ལོ་ལོ་56ལ་སླེབས་པའི་ཧ་དབྱི་ནཱར་ཁ་ནི་སེར་པི་ཡའི་ཙི་ལེ་ཉི་ཡ་ཉིང་གྲོང་ཁྱེར་གྱི་གཏམ་བརྗོད་ཟློས་གར་འཁྲབ་སྟོན་པ་ཞིག་རེད། 2016ལོ་ནས་བཟུང་ཁོང་གིས་གཟའ་འཁོར་རེར་འགྲུལ་བཞུད་རླངས་འཁོར་ལ་ཆུ་ཚོད་གཅིག་ཡས་མས་བསྡད་དེ་ཙི་ལེ་ཉི་ཡ་ཉིང་གྲོང་ཁྱེར་ནས་ནུའོ་ཝུའེ་ས་ཏེ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་ཀྲུང་གོའི་རི་མོ་སྦྱོང་བར་འགྲོ་གི་ཡོད།

    “ཀྲུང་གོའི་རིག་གནས་ཀྱིས་ངའི་ཡིད་དབང་རྦད་དེ་འཕྲོག་སོང་། འདི་གར་སློབ་ཚན་ཉན་པར་ཡོང་རིམ་བཞིན་ངའི་སེམས་ཧ་ཅང་སྐྱིད་པོ་འདུག ཁུང་ཙི་སློབ་གླིང་དུ་ཇའི་རིག་གནས་སྒྱུ་རྩལ་དང་། ཡིག་གཟུགས། ཀྲུང་གོའི་རི་མོ་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྐོར་གྱི་སློབ་ཚན་ཉན་པས། ངས་ཀྲུང་གོའི་རིག་གནས་ལ་ཤེས་རྟོགས་དང་ངོས་འཛིན་སྔར་བས་གཏིང་ཟབ་ཐུབ་བྱུང”ཞེས་ཧ་དབྱི་ནཱར་ཁ་ཡིས་གསར་འགོད་པར་བཤད་བྱུང་། འབད་པ་ལྷུར་ལེན་གྱིས་སློབ་སྦྱོང་བྱས་མཐར་ཧ་དབྱི་ནཱར་ཁའི་ཀྲུང་གོའི་རི་མོ་འབྲི་རྩལ་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཞིང་། 2019ལོར་དགེ་རྒན་གྱིས་འོས་སྦྱོར་བྱས་པ་བརྒྱུད་ཁོང་གིས་ཀྲེ་ཅང་ཞིང་ལས་དང་ནགས་ལས་སློབ་ཆེན་དུ་མི་སྒེར་གྱི་རི་མོའི་འགྲེམས་སྟོན་གཉེར་བ་རེད། “དེ་ནི་བརྗེད་པར་དཀའ་བའི་མྱོང་བ་ཞིག་རེད། ཀྲུང་གོར་བསྐྱོད་པ་ལས་ང་ལ་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཚོར་རྒྱུ་བྱུང་བ་མ་ཟད། གཏམ་བརྗོད་ཟློས་གར་འཁྲབ་སྟོན་བྱེད་སྐབས་ཀྱང་རིག་པ་ཐོལ་སྐྱེས་དེ་བས་མང་བ་བྱུང”ཞེས་ཧ་དབྱི་ནཱར་ཁ་ཡིས་བཤད།

    ནུའོ་ཝུའེ་ས་ཏེ་སློབ་ཆེན་ཁུང་ཙི་སློབ་གླིང་ནི་2014ལོར་བཙུགས་པ་དང་ཀྲེ་ཅང་ཞིང་ལས་དང་ནགས་ལས་སློབ་ཆེན་དང་ནུའོ་ཝུའེ་ས་ཏེ་སློབ་ཆེན་གྱིས་མཉམ་ལས་བྱས་ནས་སློབ་གྲྭ་གཉེར་བ་ཞིག་རེད། སློབ་གླིང་གིས་ཀྲུང་གོའི་རིག་གནས་ཁྱབ་སྤེལ་ཧུར་ཐག་གཏོང་བ་དང་ལོ་ལྟར་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སློབ་ཁྲིད་བྱེད་སྒོ་དང་རིག་གནས་འཆད་ཁྲིད་སྒྲིག་འཛུགས་བྱས་ཏེ། ས་གནས་དེ་གའི་དམངས་ཚོགས་ཀྱིས་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་ལོན་ཚད་ཟབ་ཏུ་གཏོང་གི་ཡོད།

    ནུའོ་ཝུའེ་ས་ཏེ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཁྲེན་ཤིའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་སེར་པི་ཡས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་རྒྱ་ཡིག་ཁྱབ་གདལ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་པ་ནས་བཟུང་། སེར་པི་ཡར“རྒྱ་ཡིག་སྦྱོང་བའི་ཚ་རླབས”ཤིག་རྒྱུན་མཐུད་ངང་འཕྱུར་ཡོད། མིག་སྔར་ནུའོ་ཝུའེ་ས་ཏེ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་སེར་པི་ཡའི་རྒྱལ་ཡོངས་སུ་མཉམ་ལས་སློབ་ཁྲིད་ས་ཚིགས་20དང་ཁུང་ཙི་སློབ་ཁང་2བཙུགས་ཡོད་པ་དེ་དག་ནུའོ་ཝུའེ་ས་ཏེ་དང་པེར་ཀེ་ལའེ་ཏེ་སོགས་གྲོང་ཁྱེར་5རུ་ཁྱབ་ཡོད་པ་རེད། “ལོ་ལྟར་མི་ཐེངས་སྟོང་ཕྲག་ཙམ་ང་ཚོའི་རྒྱ་ཡིག་སློབ་ཚན་ལ་ཞུགས་ཀྱི་ཡོད”ཅེས་ཁྲེན་ཤིའུ་ཡིས་བཤད།

    ནུའོ་ཝུའེ་ས་ཏེ་སློབ་ཆེན་གྱི་ལོ་རིམ་གསུམ་པའི་སློབ་མ་ཆའོ་པཱ་ནུའོ་ཧྥུའུ་ཡིས་ཇའི་རིག་གནས་སྒྱུ་རྩལ་གྱི་སློབ་ཚན་ཉན་བཞིན་ཡོད་ཅིང་། ཁོང་2022ལོ་ནས་དེ་གར་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་གིས་གསར་འགོད་པར“ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་འབྲེལ་འདྲིས་བྱས་པ་ལས་ངས་རིག་གནས་སྤེལ་རེས་ཀྱི་ཉམས་འགྱུར་ཚོར་བྱུང་ལ། བསམ་བློ་དང་སེམས་བག་ཀྱང་སྔར་བས་ཡངས་སུ་ཕྱིན་སོང”ཞེས་བཤད།

    སེར་པི་ཡའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཆའོ་ཨེར་ཅེ་ཝུའེ་ཆིས། སེར་པི་ཡས“རྒྱུད་གཅིག་ལམ་གཅིག”

    མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། སློབ་གསོའི་ཁྱབ་ཁོངས་ཐད་ཀྱི་སེར་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་བྱུང་ཡོད། ཁུང་ཙི་སློབ་གླིང་གིས་སེར་ཀྲུང་གི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།