དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-24

    དུས་རབས་གསར་པའི་རྒྱང་ལམ་དུ་གཞོན་ནུ་ལོ་ཆུང་རྣམས་བློ་སྟོབས་ཆེན་པོས་མདུན་སྐྱོད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྱིས“ཀྲུང་ཧྭའི་བླ་སྲོག་བརྟན་པོར་འཛུགས། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞོན་ནུ་ལོ་ཆུང་གི་གཏམ་བཤད་འགྲན་བསྡུར་གཉེར་བ་རེད།

    ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱི་བདམས་ཐོན་པ་དག་སློབ་ཆུང་ཚོགས་ཆུང་དང་། སློབ་འབྲིང་ཚོགས་ཆུང་། གཞོན་ནུའི་ཚོགས་ཆུང་། གྲོང་ཚོ་དང་གྲོང་ལྷན་གྱི་གཞོན་ནུའི་འགྲེམས་སྟོན་ཚོགས་ཆུང་། ཆོས་ལུགས་ལས་རིགས་ཀྱི་གཞོན་ནུའི་འགྲེམས་སྟོན་ཚོགས་ཆུང་བཅས་ཚོགས་ཆུང་5ལ་དབྱེ་བ་དང་ཁྱོན་བདམས་ཐོན་པ་66འགྲན་བསྡུར་ལ་ཞུགས་པ་རེད། བྱེད་སྒོའི་རིང་། ལྷོ་ཁའི་རྫོང་དང་ཆུས་ཁག་ནས་ཡོང་བའི་བདམས་ཐོན་པས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཉེ་བའི་ལོ་ཤས་རིང་ལྷོ་ཁའི་མི་རིགས་ཁག་གི་མི་དམངས་ཀྱིས་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་དེ། གཞོན་ནུ་མི་རབས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་མངོན་པ་རེད། ཁོང་ཚོས“ལྷད་མེད་ཀྱི་བརྩེ་སེམས་ཀྲུང་གོའི་ཆེད་དུ་བཅངས་པའི”ལང་ཚོའི་དམ་བཅར་བརྟེན་ནས“ཏང་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད་པའི”དུས་རབས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ། མི་སྒེར་གྱི་ཕུགས་འདུན་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ཁྲོད་མཉམ་འདྲེས་ཐུབ་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་པ་རེད། འགྲན་བསྡུར་རིང་། བདམས་ཐོན་པ་ཚོས་ད་དུང“དཀའ་སྡུག་བཟོད་པའི་སྙིང་སྟོབས”ཐད་ཀྱི་གོ་བ་ཟབ་མོ་མཉམ་སྤྱོད་བྱས་ཏེ། ན་མཉམ་རྣམས་པས་འགྲན་སློང་ཁྲོད་ངར་སེམས་ཆེར་བསྐྱེད་བྱེད་ཕོད་པ་དང་། རྒྱུན་ཆད་མེད་པར་སློབ་སྦྱོང་དང་མཐོང་རྒྱ་ཆེ་རུ་བཏང་བ་བརྒྱུད་ནས་ཤེས་བྱ་གསོག་འཇོག་དང་རང་ངོས་རིམ་སྤོར་བྱས་ཏེ། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ཐོག་ནས་འབད་འཐབ་ཁྲོད་ལང་ཚོའི་འོད་ཟེར་འཕྲོ་བར་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།