ནང་སྦྱོང་བྱས་ནས་གྲ་སྒྲིག་ཨང་གསར་བྱེད་པ།
ཉེ་ཆར། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་དང་། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་། ནག་ཆུ་དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་མཉམ་འབྲེལ་ཐོག“འཕྲལ་སྡོམ་འགན་འཁྲི། བོད་ལྗོངས་2024”ཞེས་པའི་མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་གྱི་ས་ཡོམ་གནོད་འཚེའི་ས་ཁོངས་མཉམ་འབྲེལ་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་ཤིང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་དཔུང་ཁག་33གྱི་མི་1560ཞུགས་ཡོད་པ་རེད། འདི་ནི་ནང་སྦྱོང་བྱ་ཡུལ་ཡིན་པ།