ན་ནིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ལྗོངས་ནང་ཁུལ་དུ་གློག་ཚོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་118.86ཟིན་པ།
ཚེས་22ཉིན་གྱི་སྔ་དྲོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས《ཐོག་མའི་ཕུགས་འདུན་བྲག་ལྟར་བརྟན། འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར-རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྤྱི་ཚོགས་ཀྱི་འགན་འཁྲིའི་སྙན་ཞུ(2023)》(གཤམ་ལ《སྙན་ཞུ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་ཀུང་སིའི་2023ལོ་འཁོར་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་པའི་འབྲེལ་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ་གློག་དྲའི་ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་གི་འབྲེལ་གཏུག་སྦྲེལ་ཟམ་ཧུར་ཐག་བཙུགས་ཡོད།
《སྙན་ཞུའི》ནང་མངོན་པར། 2023ལོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ལྗོངས་ནང་ཁུལ་དུ་གློག་ཚོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་118.86ཟིན་པ་དང་ཕྱིར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་25.7ཟིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཡོད། མཚོ་བོད་ཐད་རྒྱུག་གིས་ཉིན་མོར་ཕྱིར་གློག་གཏོང་བའི་ཤུགས་ཚད་དེ་ཆན་ཝ་ཁྲི་20ནས་ཆན་ཝ་ཁྲི་40བར་སྤོར་བ་དང་གློག་ནུས་ལྷག་མ་ཆན་ཝ་ཆུ་ཚོད་དུང་ཕྱུར་1.68བཏང་ཡོད། ཟླ་4སྔ་སྣུར་དུ་2021ནས་2023ལོའི་ཕྱིར་གློག་གཏོང་བའི་གྲོས་མཐུན་དམིགས་ཚད་ལེགས་སྒྲུབ་ཟིན་པ་དང་ཕྱིར་གློག་གཏོང་བའི་ཞིང་ཆེན་དང་གྲོང་ཁྱེར་11ནས་15བར་མང་དུ་ཕྱིན་ཡོད། ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་18དང་འབྱུང་འགྱུར་ལོ་གསུམ་རིང་གི་ཞིང་ཆེན་དབར་གྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། ཞིང་ཆེན་ནང་ཁུལ་གྱི་ཁྲོམ་ར་ཅན་གྱི་ཉོ་ཚོང་གློག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་6.9ཟིན་ཡོད། འབྱུང་འཕྲོད་གློག་ཤུགས་ཐོག་མ་ཆན་ཝ་ཆུ་ཚོད་ཁྲི་277ཕྱིར་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། འགན་ལེན་རང་བཞིན་གྱི་ནུས་རྒྱུ་གསར་པའི་རྣམ་གྲངས་40དུས་བཀག་ལྟར་དྲ་མཐུད་ཐུབ་རྒྱུ་ནུས་ཤུགས་ཡོད་རྒུས་འགན་ལེན་གྱིས་ཚད་ལྡན་རྡོ་སོལ་བསྲེགས་ཚད་ཏུན་ཁྲི་102.8ཉུང་དུ་བཏང་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་251.64ཉུང་དུ་བཏང་ཡོད། དུད་ཚང་ཁྲི་51.22ཀྱི་རིག་ལྡན་གློག་ཚད་ལྟ་ཆས་དང་དུད་ཚང་ཁྲི་4.19ཡི་བརྒྱུད་སྤྲོད་གློག་མཁོ་འདོན་གྱི་སྒྱུར་བཀོད་བྱས་ཡོད། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་ནས་ཞིང་འབྲོག་ལས་མིར་འབབ་འཕར་སྒོར་དུང་ཕྱུར་1.05ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་0.53བཏང་ནས་རང་སྐྱོང་ལྗོངས་ཀྱི་རི་རྒོད་ནགས་བཟོ་སྔོ་འགྱུར་གྱི་ལས་འགན་མུའུ་3000ཙམ་རྩིས་བླངས་ཡོད། མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་གློག་འདོན་ཞབས་ཞུའི་བཟོ་པ་962ལས་བསྡུ་བྱས་པས་བོད་སྡོད་ཀྲུང་དབྱང་ཁེ་ལས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།