བྲག་ཡིབ་ཆུས་སྡེ་ཚོགས་ཨུ་ལྷན་གྱིས“དམིགས་པ་གསུམ”ལ་གཞི་ཚུགས་པ།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏོང་སྟངས་གསར་པ་ཧུར་ཐག་བཏོད་པ།
འདི་ནི་བྲག་ཡིབ་ཆུས་སྡེ་ཚོགས་ཨུ་ལྷན་གྱིས་བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་མཉམ་དུ“ལང་ཚོ་དར་དུས་རིག་སྟོབས་རྩོད་གླེང་བྱེད། རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ནུས་ཤུགས་འདོན”ཞེས་པའི་རྩོད་གླེང་འགྲན་བསྡུར་བྱས་པ།
འདི་ནི་བྲག་ཡིབ་ཆུས་སྡེ་ཚོགས་ཨུ་ལྷན་གྱིས་གཞོན་ནུའི་དཔེ་ཀློག་འདུ་ཚོགས་གཉེར་བ།
འདི་ནི“ཏུང་དབན་དང་བྲག་ཡིབ་དབར་གྱི་བརྩེ་བ། རི་མཚོའི་བྱ་སྤྱོད”ཅེས་པའི་ཏུང་དབན་དང་བྲག་ཡིབ་ས་གནས་ཀྱི་མི་རིགས་ཁག་གི་གཞོན་ནུའི་དབར་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་ཀྱི་བྱེད་སྒོའི་ཁྲོད་ཏུན་དབན་དང་བྲག་ཡིབ་ས་གནས་གཉིས་ཀྱི་གཞོན་ནུས་མཉམ་དུ་མཐུན་སྒྲིལ་གྱི་ལྗོན་ཤིང་འཛུགས་བཞིན་པ།
འདི་ནི་དགུན་ཁའི་སྒར་སའི་བྱེད་སྒོ་སྤེལ་རིང་། ཏུང་དབན་དང་བྲག་ཡིབ་ས་གནས་གཉིས་ཀྱི་གཞོན་ནུས་མཉམ་དུ་ཀྲུང་ལུགས་གསོ་རིག་རིག་གནས་རྒྱུས་ལོན་བྱེད་བཞིན་པ།
རྫོང་ཁོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་སྒྱུར་བཅོས་བྱས་ཚུན། བྲག་ཡིབ་ཆུས་སྡེ་ཚོགས་ཨུ་ལྷན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏོང་རྒྱུ་དེ་སྡེ་ཚོགས་ཀྱི་སློབ་གསོ་དོ་དམ་ལམ་སྲོལ་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་པས། མི་རིགས་ཁག་གི་གཞོན་ནུའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་ཐུབ་ནས། རྫོང་ཁོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་སྒྱུར་བཅོས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་མ་ཐེབས་ཡོད།
A སྤུས་རྟགས་གཏོད་པར་དམིགས་པ།
བྲག་ཡིབ་ཆུས་ཀྱིས་བོད་སྐྱོར་གྱི་ལེགས་ཆ་བཏོན་ནས་ཏུང་དབན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པ་དང་སྦྲེལ་མཐུད་ཧུར་ཐག་གིས“ཏུང་དབན་དང་བྲག་ཡིབ་དབར་གྱི་བརྩེ་བ་དང་། རི་མཚོའི་བྱ་སྤྱོད”ཅེས་པའི་ཏུང་དབན་དང་བྲག་ཡིབ་ས་གནས་གཉིས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་བྱེད་པའི་བྱེད་སྒོ་སྤེལ་ཞིང་། དགུན་གསེང་དང་དབྱར་གསེང་སྐབས་ཏུང་དབན་དང་། བྲག་ཡིབ་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ནས་འཚམས་འདྲི་དང་སྤེལ་རེས་བྱས་པ་དང་། 2024ལོར་དགུན་སྒར་བྱེད་སྒོ་དུས་ཐེངས་དང་པོ་བདེ་བླག་གཉེར་བར། ས་གནས་གཉིས་པོའི་གཞོན་ནུ་ལོ་ཆུང་200ལྷག་ཙམ་ཞུགས་ཡོད།
དེ་དང་ཆབས་ཅིག་བྲག་ཡིབ་ཆུས་ཀྱིས་བོད་སྐྱོར་འཆར་གཞིར་བརྟེན་པ་དང་། བོད་སྐྱོར་གྱི་རྣམ་གྲངས་གཞི་རྟེན་དུ་བྱས་ནས་ཏུང་དབན་དང་བྲག་ཡིབ་ས་གནས་གཉིས་ཀྱི་ཁ་གཏད་མཉམ་སྐྲུན་མཉམ་འདྲེས་དང་མཉམ་སྤེལ་གཉིས་ཁེ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཏུང་དབན་དང་བྲག་ཡིབ་ས་གནས་གཉིས་ཀྱི་སྡེ་ཚོགས་ཀྱི་མཉམ་སྐྲུན་སྤུས་རྟགས་ཧུར་ཐག་བཏོད་ཅིང་། མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ་བརྒྱུད་ས་གནས་གཉིས་ཀྱི་སྡེ་ཚོགས་རྩ་འཛུགས་ཀྱི་འབྲེག་གཏུག་དང་རོགས་རེས་ལ་ཤུགས་སྣོན་བརྒྱབ་པས་གཞི་རིམ་གྱི་སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་མ་ཐེབས་ཡོད།
B ལག་ལེན་གྱི་མྱོང་རོལ་ལ་དམིགས་པ།
ས་ཁོངས་འཕེལ་རྒྱས་ཀྱི་ལེགས་ཆར་གཞི་ཚུགས་ནས་བྲག་ཡིབ་ཆུས་ཀྱིས་གཞོན་ནུ་ལོ་ཆུང་འཚར་ལོངས་དང་གྲུབ་འབྲས་ལྡན་པ་ཡོང་བར་དམིགས་ནས་སློབ་གྲྭ་འབྲིང་ཆུང་ལ“སློབ་ཕྱིའི་སློབ་ཚན”འཛུགས་ཆེད། གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་བཞིའི་སྒོ་བྱང་བཀལ་ནས་བཙུགས་ཡོད།
དེ་དང་ཆབས་ཅིག་བྲག་ཡིབ་ཆུས་ཀྱིས་ན་མཉམ་སློབ་མའི་ཁྲོད་ནས“སྐེ་དར་དམར་པོའི”གསལ་འགྲེལ་པ་21ཧྲག་འདེམས་དང་། བྲག་ཡིབ་ཆུས་ཨུད་ཀྱི“དར་དམར་ལ་བསྟོད་པའི”མཉམ་འབྲེལ་འགྲེམས་ཁང་ལ་བརྟེན་ནས་འཛིན་གྲྭ་གཅིག་པའི་སློབ་མ་དང་། ན་མཉམ་སློབ་མར་འགྲེམས་ཁང་གི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་། བརྙན་ལམ་གཅིག་བརྒྱུད་ནས་སློབ་སྦྱོང་བྱེད་ཐབས་ལ་བརྟེན་ནས་སློབ་གྲྭ་འབྲིང་ཆུང་སློབ་མའི་དབར་ཤེས་བྱ་མགྱོཌ་མྱུར་བརྒྱུད་སྤྲོད་ཐུབ་པར་བྱས་ཡོད།
མིག་སྔར། བྲག་ཡིབ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་ཏུང་དབན་གྱི་སློབ་གྲྭ་འབྲིང་ཆུང་དབར་སྦྲེལ་མཐུད་ཧུར་ཐག་བྱས་པ་མ་ཟད། ཏུང་དབན་གྱི་སློབ་གྲྭ་འབྲིང་ཆུང་9དང་ཆ་སྒྲིག་སློབ་གྲྭ་བསྒྲིགས་པ་དང་གཞོན་ནུ་ལོ་ཆུང་3000ལྷག་ཙམ་དང་སློབ་རོགས་ཆ་སྒྲིག་བྱས་ཏེ། ཡི་གེ་བསྐུར་ནས་མཛའ་མཐུན་བརྒྱུད་སྤྲོད་དང་། སྤེལ་རེས་ཐབས་ལམ་རྒྱ་ཆེར་གཏོང་བ་བརྒྱུད་ཏུང་དབན་དང་བྲག་ཡིབ་ས་གནས་གཉིས་དབར་གྱི་སློབ་གྲྭའི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་ཀྱིས་དྲ་སྦྲེལ་གྱི་བརྙན་ལམ་ལ་བརྟེན་ནས་མཉམ་འགུལ་སྤེལ་རེས་དང་མཉམ་དུ་སློབ་ཚན་འཚོགས་ཏེ་ས་གནས་གཉིས་དབར་གྱི་རིག་གནས་མི་འདྲ་བར་མྱོང་རོལ་ཐུབ་པ་བྱས་ཡོད།
C འཐབ་སའི་སྣེ་ཁྲིད་ལ་དམིགས་པ།
བྲག་ཡིབ་ཆུས་ཀྱི“གསར་བརྗེའི་ས་ཚུགས”6ལ་བརྟེན་པ་དང་། “ས་ཚུགས་རེར་ཁྱད་ཆོས་རེ་ཡོད”དགོས་པའི་བླང་བྱ་ལྟར་ས་ཁོངས་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་བརྗོད་དོན་མི་འདྲ་བའི“གཞོན་ནུའི་ཁྱིམ་གཞིས”བསྐྲུན་ཡོད། མིག་སྔར་བརྗོད་དོན་གྱིི“གཞོན་ནུའི་ཁྱིམ་གཞིས”3བསྐྲུན་ཏེ། ལས་ཞུགས་ལས་གཏོད་བརྗོད་དོན་གྱི“གཞོན་ནུའི་ཁྱིམ་གཞིས”ཀྱི་སྤྱི་ཁྱབ་ས་ཚིགས་སུ་བྱས་ནས་བྲག་ཡིབ་ཆུས་ཀྱི“གཞོན་ནུའི་ཁྱིམ་གཞིས”6ཚང་མར་དོ་དམ་བྱེད་ཐུབ་པ་བྱུང་ཡོད།
བྲག་ཡིབ་ཆུས་ཀྱིས་རང་འགུལ་ངང་ཀོང་པོའི་བག་ཆགས་ཚོང་ར་དང་སྦྲེལ་མཐུད་ཀྱིས“གཞོན་ནུའི་ཁྱིམ་གཞིས”ཀྱི་འཐབ་ས་མཐུན་སྦྱོར་ངང་རྒྱ་བསྐྱེད་པ་དང་། བྱེད་སྒོ་སྤེལ་ཡུལ་1མང་དུ་བཏང་ནས་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་དང་སྡེ་ཚོགས་ཁོངས་གཏོགས་ཀྱི་བྱེད་སྒོ་སྤེལ་ཡུལ་དབར་ཆ་སྒྲིག་མཉམ་སྐྲུན་ཡོང་བར་སྐུལ་འདེད་བཏང་ཡོད། དོ་དམ་འཁོར་རྒྱུག་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས“གཞོན་ནུའི་ཁྱིམ་གཞིས”སྡེ་ཚོགས་ཀྲི་པུའུ་དང་། “གསར་བརྗེའི་ས་ཚུགས”སྡེ་ཚོགས་ལས་དོན་ཨུ་ལྷན་བཙུགས་པས་གྲོང་ཁུལ་གྱི་སྡེ་ཁུལ་6གི་གུང་གཞོན་ཚོགས་མིའི་གཞོན་ནུའི་དོ་དམ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།
དེ་དང་ཆབས་ཅིག་བྲག་ཡིབ་ཆུས་ཀྱིས་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་ལག་ལེན་ཞབས་ཞུའི་ཚོགས་པ་སྒྲིག་འཛུགས་ཀྱིས“འབྱོར་ཐོ་འགོད་པ་གཉིས”ཀྱི་སྡེ་ཚོགས་ཚོགས་མི་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ། གཞོན་ནུ་དང་བླངས་པ་སོགས་གཞོན་ནུ་20ལྷག་ཙམ་རྒྱ་ཁྱབ་ཏུ་བསྡུས་ནས“གཞོན་ནུའི་ཁྱིམ་གཞིས”སུ་སྤྱི་ཚོགས་དང་བླངས་ཞབས་ཞུའི་བྱ་བར་ཞུགས་ཡོད། “གཞོན་ནུའི་ཁྱིམ་གཞིས”ཀྱི་ལག་ལེན་ལས་གནས་3བཙུགས་ནས་གུང་གཞོན་ཚོགས་མིའི་གཞོན་ནུར་སྣེ་ཁྲིད་དེ་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་བྱ་བར་ཞུགས་པ་མ་ཟད། བརྗོད་དོན་མི་འདྲ་བའི“གཞོན་ནུའི་ཁྱིམ་གཞིས”ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ས་གནས་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་དང་མི་རིགས་ཁག་གི་གཞོན་ནུའི་དགོས་མཁོར་དམིགས་ནས་དུས་བཀག་བཞིན“དཔེ་ཀློག་སློབ་སྦྱོང་འདུ་ཚོགས་དང་། བྲག་ཡིབ་གཞོན་ནུའི་གླེང་མོལ། གཞོན་ནུའི་གནོན་ཤུགས་ཆུང་གཏོང་འདུ་འཚོགས། བསམ་བློ་ཆབ་སྲིད་ཀྱི་རྩོད་གླེང་འགྲན་བསྡུར”སོགས་ལྟ་འདོད་ལ་ཉན་སྤྲོ་བའི་གཞོན་ནུའི་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་ཡོད།