དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཝང་དབྱི་ཡིས་བརྗོད་དོན།

    “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ནི་ཐའེ་དབན་མཚོ་འགག་གི་ཞི་བདེར་གཏོར་བཤིག་རང་བཞིན་ཆེ་ཤོས་ལྡན་པའི་རྒྱུ་རྐྱེན་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-24

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ་སྐབས། ཐའེ་དབན་གནད་དོན་ཐད་ཀྱི་ཀྲུང་གོའི་དྲང་ནན་གྱི་ལངས་ཕྱོགས་གསལ་བཤད་བྱས་པ་རེད།

    ཝང་དབྱི་ཡིས་བརྗོད་དོན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་ལྟེ་བ་ཡིན་ལ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ནི་ཐའེ་དབན་མཚོ་འགག་གི་ཞི་བདེར་གཏོར་བཤིག་རང་བཞིན་ཆེ་ཤོས་ལྡན་པའི་རྒྱུ་རྐྱེན་རེད། ལའེ་ཆིང་ཏེ་དང་འདྲ་བས་རང་གི་མི་རིགས་དང་མེས་པོར་རྒྱབ་འགལ་གྱི་བྱེད་སྤྱོད་སྤེལ་བ་ནི་མི་རྣམས་སྐྱུགས་བྲོ་བ་ཞིག་རེད། ཡིན་ན་ཡང་ཁོ་ཚོས་བྱེད་སྤྱོད་ཇི་ལྟར་སྤེལ་རུང་ཀྲུང་གོ་མཐར་རྦད་དེ་གཅིག་གྱུར་ཡོང་བའི་གོམ་སྟབས་འགོག་ཐབས་བྲལ། ཐའེ་དབན་མེས་རྒྱལ་གྱི་པང་དུ་ལོག་ངེས་རེད། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་པ་ཚང་མ་ལོ་རྒྱུས་ཀྱི་མཚན་ཤས་ཀྱི་ཀ་བར་དམ་པོར་བཀྱིག་རྒྱུ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚོས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་ནས་འགོ་བརྩམས་ཏེ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལྟར་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་མི་དམངས་ཀྱིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་གཅིག་གྱུར་གྱི་དྲང་བདེན་བྱ་གཞག་ལ་ཚང་མས་མུ་མཐུད་རྒྱབ་སྐྱོར་བྱེད་པར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།