དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་ཤིས་ཙི་ཤིས་སྲིད་འཛིན་གྲོང་ཚོར་འགྲུལ་ཟོག་སྦྲག་གསུམ་གྱི་མཉམ་འདྲེས་ཞབས་ཞུའི་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-24

    འདི་ནི་ཉེ་ཆར་ཙི་ཤིས་རྫོང་ཝུའུ་ཧྲི་གྲོང་རྡལ་ཁྲེན་ཧྥང་གྲོང་ཚོའི་ཞིང་པས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ནང་སྔོ་ཚལ་བླུགས་བཞིན་པ།

    འདི་ནི་ཉེ་ཆར་ཙི་ཤིས་རྫོང་གི་འགྲུལ་ཟོག་སྦྲག་གསུམ་གྱི་བསྡུ་འགྲེམས་ལྟེ་གནས་ཀྱི་མྱུར་སྐྱེལ་དབྱེ་གསེས་ཁྲུའུ་རུ་ལས་དོན་མི་སྣས་དངོས་ཟོག་དབྱེ་གསེས་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཙི་ཤིས་རྫོང་གིས་རྫོང་དང་། གྲོང་རྡལ(ཤང)གྲོང་ཚོ་བཅས་རིམ་པ་གསུམ་གྱི་གྲོང་གསེབ་ཀྱི་ཟོག་འགྲེམས་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད་གྲོང་གསེབ་ཀྱི་མི་འགྲུལ་དང་། ཟོག་འགྲེམས། མྱུར་སྐྱེལ། དྲ་ཐོག་ཚོང་དོན་སོགས་མཉམ་འདྲེས་ཟབ་མོ་བྱེད་པའི་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་ཆགས་པ་དང་། “ཙི་ཤིས་འཚོ་བའི”APPསོགས་ལས་སྟེགས་བསྐྲུན་ཏེ་གྲོང་ཚོ་དང་ཚོང་ཁང་སོགས་སྤྱད་དེ་སྲིད་འཛིན་གྲོང་ཚོར་གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་ཀྱི་ཞབས་ཞུའི་ས་ཚིགས་ཡོངས་ཁྱབ་བྱུང་ནས་ཞིང་ཞོར་ཐོན་ཟོག་གི་ཉོ་ཚོང་ལ་སྟབས་བདེ་བསྐྲུན་ཡོད།

    2021ལོ་ནས་འདི་ལོའི་ཟླ་5པའི་ཟླ་སྟོད་བར། ཙི་ཤིས་རྫོང་གིས་འགྲུལ་ཟོག་སྦྲག་གསུམ་བརྒྱུད་མྱུར་སྐྱེལ་བསྐུར་མ་ཁྲི་32.8སྐྱེལ་སྤྲོད་བྱས་པ་དང་། དྲ་ཕྱི་དང་ཐད་གཏོང་ཟོག་ཚོང་བྱས་པའི་ཉོ་ཚོང་དངུལ་འབོར་སྒོར་ཁྲི་2800ལྷག་ཙམ་ཟིན་ཏེ་ཞིང་དུད་410ལྷག་ཙམ་ལ་ཕན་པ་ཐོབ་ཡོད། 2022ལོར“ཙི་ཤིས་འཚོ་བའི”APPགཉེར་སྐྱོང་བྱས་ཚུན། འགྲུལ་ཟོག་སྦྲག་གསུམ་གྱི་དྲ་རྒྱ་ནས་ཞིང་ཞོར་ཐོན་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་352.36ཟིན་པ་དང་བསྐུར་མ་རྫོང་གྲོང་ནས་གྲོང་ཚོར་སྐྱེལ་བར་ཆུ་ཚོད་12ལས་འགོར་གྱི་མེད་པ་དང་། མ་གནས་40%ཡན་ཆག་པ། སྤྱི་སྤྱོད་འགྲིམ་འགྲུལ་གྱི་ཡོང་འབབ་20%འཕར་བ། མི་གྲངས་1700གྲོང་གསེབ་ཏུ་ལས་ཞུགས་ལས་གཏོད་ཐུབ་པར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།