མཚོ་དམག་གི་དམག་གྲུ་83རྟགས་ཅན་གྱི་དཔུང་རུས་ཁམ་ཕུ་ཁྲེར་མཛའ་གྲོགས་ཀྱི་འཚམས་འདྲི་བྱས་པ།
ཕ་ནོམ་ཕེན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐག་རིང་རྒྱ་མཚོའི་དངོས་སྦྱོང་འཚམས་འདྲིའི་ལས་འགན་སྒྲུབ་མཁན་མཚོ་དམག་གི་དམག་གྲུ་83རྟགས་ཅན་གྱི་དཔུང་རུ་ཉེ་ཆར་ཁམ་ཕུ་ཁྲེའི་ཤིས་ཧཱ་ནུའུ་ཁེ་གྲུ་ཁར་འབྱོར་ནས། ཁམ་ཕུ་ཁྲེར་དུས་ཡུན་ཉིན་4ཡི་མཛའ་གྲོགས་ཀྱི་འཚམས་འདྲི་བྱེད་འགོ་ཚུགས་ཡོད།
ཁམ་ཕུ་ཁྲེར་འཚམས་འདྲི་བྱེད་རིང་། ཀྲུང་གོ་ཕྱོགས་ཀྱི་ལས་འགན་བཀོད་འདོམས་པས་ཁམ་ཕུ་ཁྲེའི་མཚོ་དམག་གི་སི་ལིང་དང་རྒྱལ་སྲུང་པུའི་འགོ་ཁྲིད་དང་མཇལ་འཛོམས་གནང་བ་མ་ཟད། ཁམ་ཕུ་ཁྲེའི་མཚོ་དམག་གིས་སྒྲིག་འཛུགས་བྱས་པའི་དགའ་བསུ་ཞུ་བའི་ཉིན་དགུང་གི་གསོལ་ཚིགས་ལའང་ཞུགས་པ་རེད། འཚམས་འདྲིར་ཕེབས་པའི་དཔོན་དམག་ཚོས་ཁམ་ཕུ་ཁྲེའི་དམག་དོན་སྒྲིག་བཀོད་ལ་ལྟ་སྐོར་བྱས་པ་དང་། ཁམ་ཕུ་ཁྲེའི་མཚོ་དམག་སློབ་གླིང་གི་དཔོན་དམག་འཐུས་མི་དང་བཞུགས་མོལ་སྤེལ་རེས་དང་སྤོ་ལོའི་རིགས་ཀྱི་མཛའ་གྲོགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། གྲུ་ཚུགས་སུ་སྡོད་རིང་། མཚོ་དམག་གི་དམག་གྲུ་83རྟགས་ཅན་གྱི་དཔུང་རུས་དམག་གྲུ་སྒོ་དབྱེའི་བྱེད་སྒོ་དང་གྲུ་གཅལ་གྱི་སྣེ་ལེན་ཚོགས་འདུ་སྒྲིག་འཛུགས་བྱས་པ་རེད།