དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨུ་རུ་སུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-24

    2024ལོའི་ཟླ་5ཚེས་21ཉིན། ཀྲུང་གོ་དང་ཨུ་རུ་སུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་དང་དུས་གཅིག་ཏུ་གཉེར་བའི་ཧར་པིན་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་འདུ་ཚོགས་སྐབས་སོ་གསུམ་པ་ཧར་པིན་གྲོང་ཁྱེར་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱིས“མཉམ་ལས་དང་། ཕན་ཚུན་ཡིད་ཆེས། གོ་སྐབས”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་རྒྱལ་ཁབ་དང་ས་ཁུལ་44དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པ་120ལྷག་ཙམ་དང་གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། རྒྱལ་སྒྲོལ་དྲ་ཐོག་ཚོང་ཁང་། མུ་འབྲེལ་སྒྲིག་གཞི་སོགས་རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་འགན་འཁུར་བ་2000ཙམ་ཞུགས་ཡོད། ཁྱོན་འགྲེམས་ཁུལ་10ཡོད་པ་དང་ཐོན་རྫས་སྣ་ཁ་5000ཙམ་འགྲེམས་སྟོན་བྱས་ནས་འཛམ་གླིང་ལ་ཧར་པིན་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་འདུ་ཚོགས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།