དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་མཉམ་སྤྲོའི་འདུ་འཛོམས་སྐབས་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-24

    ཚེས་20ཉིན། “གཞོན་ནུའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཀྲུང་ཧྥེའི་དེང་རབས་ཅན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་མཉམ་སྤྲོའི་འདུ་འཛོམས་སྐབས་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མི་52ཀྱི་ཨ་ཧྥེ་རི་ཁའི་གཞོན་ནུའི་འཐུས་མི་60ལྷག་ཙམ་ཉིན་བརྒྱད་རིང་པེ་ཅིང་དང་ཀྲེ་ཅང་སོགས་ལ་འཚམས་འདྲིར་བསྐྱོད་དེ་ཕན་ཚུན་རྒྱུས་ལོན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་རྒྱུ་རེད།

    “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་མཉམ་སྤྲོའི་བྱེད་སྒོ་འདི་བརྒྱུད། གཞོན་ནུ་ཡར་རྒྱས་ཡོང་བར་ལྕག་སྐུལ་བཏང་བ་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་རྒྱུ་རེད”ཅེས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་གཞོན་ནུའི་འཐུས་མི་ཙམ་པབ་ཝེ་ནས་ཡོང་བའི་གཡོད་ཧན·ཕ་ལ་ཀྲ་ཡིས་བརྗོད

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།