དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་ཨའི་ཡུལ་སྐོར་གྱི་མཐོ་རིམ་གླེང་མོལ་སྐབས་14པ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་ཡུལ་སྐོར་གྱི་མཐོ་རིམ་གླེང་མོལ་སྐབས་14པ་འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་ཞིང་། ཀྲུང་ཨའི་འབྲེལ་བའི་རྨང་གཞི་མི་དམངས་ཀྱིས་བཙུགས་པ་དང་། ཀྲུང་ཨའི་འབྲེལ་བའི་སྒོ་མོ་མི་དམངས་ཀྱིས་ཕྱེ་བ། ཀྲུང་ཨའི་འབྲེལ་བའི་གཏམ་རྒྱུད་མི་དམངས་ཀྱིས་བརྩམས་པས། ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ཡང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐུན་མོང་ཐོག་གཏོད་དགོས་ངེས་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡུལ་སྐོར་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་སྤེལ་རེས་དང་ཕན་ཚུན་ཤེས་རྟོགས་དང་ཉེ་བཅར་བྱེད་པའི་སྦྲེལ་ཟམ་གལ་ཆེན་ཞིག་རེད། ང་ཚོས་ཨ་རིའི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་ལ་ཡོང་ནས། གྲོགས་པོ་ཀྲུང་གོ་བ་ངོ་ཤེས་པ་དང་། ཀྲུང་ཧྭའི་རིག་གནས་ཉམས་ལེན་བྱེད་པ། མཛེས་སྡུག་ལྡན་པའི་རི་ཆུར་ལྟ་སྐོར་བྱེད་པ། ཀྲུང་གོ་ཇི་མ་ཇི་བཞིན་མྱོང་ཚོར་བཅས་བྱེད་པར་ཡོང་རྒྱུར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་གི་ཡིན། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་ད་ཐེངས་ཀྱི་མཐོ་རིམ་གླེང་མོལ་གོ་སྐབས་སུ་བྱས་ནས། སྤེལ་རེས་གཏིང་ཟབ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ཏེ་ཡུལ་སྐོར་མཉམ་ལས་ལ་བརྟེན་ནས་མི་སྣ་འགྲོ་འོང་ལ་སྐུལ་འདེད་དང་། མི་ཆོས་རིག་གནས་སྤེལ་རེས་ལ་བརྟེན་ནས་ཀྲུང་ཨའི་མཛའ་གྲོགས་རྒྱུན་མཐུད། “ཅིའུ་ཅིན་ཧྲན་གྱི་རེ་འདོད”དངོས་ཡོད་ལ་འགྱུར་བར་འདེགས་སྐྱོར་བཅས་བྱ་རྒྱུའི་རེ་བ་ཡོད།

    ཀྲུང་ཨའི་ཡུལ་སྐོར་གྱི་མཐོ་རིམ་གླེང་མོལ་སྐབས་14པ་ཚེས་22ཉིན་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“ཡུལ་སྐོར་ལ་བརྟེན་ནས་ཀྲུང་ཨའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ”ཞེས་པ་དེ་ཡིན་པ་དང་། ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའུ་དང་། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་། ཨ་རིའི་ཚོང་དོན་པུའུ། ཨ་རིའི་ཡུལ་སྐོར་ཁྱབ་གདལ་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།