ཧོང་ཧྲན་མཛེས་ལྗོངས་ཁུལ་སླར་ཡང་སྒོ་ཕྱེ་བ།
ཟླ་5ཚེས་20ཉིན། ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་མཛེས་ལྗོངས་ཁུལ་གྱི་རི་བོ་ཆེན་པོ་གསུམ་གྱི་གྲས་ཡིན་པའི་ཐེན་ཏུའུ་རི་བོར་རི་རྒྱ་སྡོམ་མཚམས་བཞག་ནས་སླར་ཡང་ཕྱི་ཕྱོགས་སུ་སྒོ་ཕྱེ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཧོང་ཧྲན་མཛེས་ལྗོངས་ཁུལ་གྱི་རི་རྒྱ་སྡོམ་ཡུན་ནི་སྤྱིར་བཏང་དུ་ལོ་3ནས་5བར་ཡིན། མཛེས་ལྗོངས་བསྐྱར་དུ་སྒོ་དབྱེ་བའི་དུས་ཚོད་ནི་སྐྱེ་ཁམས་སླར་གསོ་དང་རིགས་གཅིག་མཁས་ཅན་གྱི་དཔྱད་དཔོག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་བསམ་གཞིག་བྱས་ཏེ་ཐག་གཅོད་ཀྱི་ཡོད་པ་རེད། འདི་ནི་ས་གནས་ཁག་གི་ཡུལ་སྐོར་བས་ཐེན་ཏུའུ་རི་བོའི་གཡང་གཟར་དང་རྔམ་བརྗིད་ལ་ལྟ་བཞིན་པ།