དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཨ་ཧྥེ་རི་ཁར་གཉེར་བའི”ས་ཚིགས་དང་པོའི་བྱེད་སྒོ་མཇུག་འགྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-23

    དུས་ཡུན་ཉིན་གསུམ་ཡིན་པའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཨ་ཧྥེ་རི་ཁར་གཉེར་བའི”ས་ཚིགས་དང་པོའི་བྱེད་སྒོ་ཉིན་ཤས་གོང་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་མཇུག་འགྲིལ་བ་རེད།

    ཐེངས་འདིའི་བྱེད་སྒོའི་ཐོག“ཀྲུང་ཧྥེས་ལག་གདང་སྦྲེལ་ནས་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ”བརྗོད་དོན་གཙོ་བོར་བཟུང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མ་འཇོག་ཚོང་དོན་སྐུལ་སྤེལ་མཉམ་ལས་སྤེལ་རེས་ཚོགས་འདུ་དང་ཁེན་ནི་ཡའི་རྒྱལ་སྤྱིའི་མ་འཇོག་ཚོགས་ཆེན་དང་། དེ་བཞིན་ཀྲུང་ཧྥེའི་ཞིང་ལས་མཉམ་ལས་དང་། རིག་གནས་ཡུལ་སྐོར་འོས་སྦྱོར། ཁེ་ལས་གྲོས་མོལ་སོགས་ཀྱི་ཚོགས་འདུ་ཡང་སྔ་རྗེས་སུ་འཚོགས་པ་རེད། བྱེད་སྒོ་སྤེལ་རིང་། ཀྲུང་ཧྥེའི་འབྲེལ་ཡོད་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་8.91ཟིན་པའི་རྣམ་གྲངས་ཁག་37གྱི་གན་རྒྱ་བཞག་པ་དང་རྣམ་གྲངས་ཁག་34འབྲེལ་མཐུད་བྱས་པ་རེད།

    རིག་གནས་ཡུལ་སྐོར་འོས་སྦྱོར་གྱི་ཆེད་དོན་བྱེད་སྒོའི་ཁྲོད་ཀྲུང་ཁེན་ཡུལ་སྐོར་ཞབས་ཞུའི་ལས་སྟེགས་དངོས་སུ་བཙུགས་ཤིང་། ལས་སྟེགས་དེ་ནི་ཧུའུ་ནན་ཞིང་ཆེན་ཀྲུང་ཧྥེ་དཔལ་འབྱོར་ཚོང་དོན་མཉམ་ལས་སྐུལ་སྤེལ་ཞིབ་འཇུག་ཚོགས་པའི་ཨ་ཧྥེ་རི་ཁའི་སྤེལ་རེས་ལྟེ་གནས་ཀྱིས་ཀྲུང་ཁེན་གྱི་ཁེ་ལས་12དང་མཉམ་དུ་བཙུགས་པ་ཞིག་རེད། ཁེན་ནི་ཡ་ཡུལ་སྐོར་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་པུའི་པུའུ་ཀྲང་ཨར་ཧྥུ་ལེའི་ཏེ·མུའུ་ཐུའུ་ཨཱ་ཡིས། ཁེན་ནི་ཡས་ཀྲུང་གོ་དང་རིག་གནས་ཡུལ་སྐོར་མཉམ་ལས་ཟབ་ཏུ་བཏང་ནས་ཡུལ་སྐོར་བ་བློ་ཡིད་ཚིམ་པོ་ཡོང་བའི་འགན་ལེན་བྱས་ཏེ། དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།