དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རིག་གནས་ལ་ཧང་ག་རིའི་དམངས་ཚོགས་ཀྱིས་དགའ་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-23

    ཉིན་ཤས་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་པོའི་དབར་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་སྔར་བས་ཚད་ལྡན་དང་ཟབ་ཏུ་སོང་ལ། ལྷག་པར་དུ་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་གནས་པའི་པུ་ཏ་ཕེ་སི་ཀྲུང་གོའི་རིག་གནས་ལྟེ་གནས་དང་། ལུའོ་ལན་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་སོགས་སུ་ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་སོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཡར་ངོའི་ཟླ་ལྟར་འཕེལ་བ། དམངས་སེམས་གཅིག་མཐུན་ཟམ་མི་ཆད་པར་ཟབ་ཏུ་སོང་བ་བཅས་ཀྱི་རྣམ་པ་ཟབ་མོ་ཚོར་ཐུབ་ཡོད། འདི་ནི་ཉེ་ཆར་ཧང་ག་རིའི་ལུའོ་ལན་སློབ་ཆེན་ཁུང་ཙི་སློབ་གླིང་དུ་འཚོགས་པའི་ཡིག་གཟུགས་སློབ་ཚན་སྐབས་སློབ་མ་ཚོས་མ་དཔེར་བལྟས་ནས་ཡིག་གཟུགས་སྦྱོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།