དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧྥེའི་གཞོན་ནུ་ཚོས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-23

    འདི་ནི་ཀྲུང་ཧྥེའི་གཞོན་ནུའི་འཐུས་མི་ཚོས་བྱེད་སྒོའི་ཁྲོད་སྤེལ་རེས་བྱེད་བཞིན་པ།

    ཟླ་5ཚེས་20ཉིན། ཀྲུང་ཧྥེའི་གཞོན་ནུའི་མཉམ་སྤྲོའི་བྱེད་སྒོ་སྐབས་བརྒྱད་པར་ཞུགས་མཁན་ཀྲུང་ཧྥེའི་གཞོན་ནུའི་འཐུས་མི་ཚོ་པེ་ཅིང་དུ་ཡོད་པའི་ཀྲུང་གོ་སུང་ཆིང་ལིང་གཞོན་ནུ་ལོ་ཆུང་ཚན་རྩལ་རིག་གནས་སྤེལ་རེས་ལྟེ་གནས་སུ་བསྐྱོད་ནས། པར་འདེབས་ཚོས་རྒྱག་དང་། ཕར་ཆིན་རྒྱག་པ། ཡིག་གཟུགས་འབྲི་བ་སོགས་ཀྱི་དམངས་སྲོལ་སྣ་ཚོགས་ལ་ཉམས་ལེན་བྱས་ཏེ། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཀྲུང་ཧྥེའི་གཞོན་ནུའི་མཉམ་སྤྲོ་ཆེ་མོར“གཞོན་ནུའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། ཀྲུང་ཧྥེའི་དེང་རབས་ཅན་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མི་52ཀྱི་ཨ་ཧྥེ་རི་ཁའི་གཞོན་ནུའི་འཐུས་མི་60ལྷག་ཙམ་བྱེད་སྒོར་གདན་དྲངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།