དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “2024ལོའི་སེར་པི་ཡའི་ཀྲུང་གོའི་གློག་བརྙན་གཟའ་འཁོར”འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-23

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སེར་པི་ཡའི་རྒྱལ་ས་པེར་ཀེ་ལའེ་ཏེར“2024ལོའི་སེར་པི་ཡའི་ཀྲུང་གོའི་གློག་བརྙན་གཟའ་འཁོར”འགོ་ཚུགས་པ་དང་སེར་པི་ཡའི་ལས་རིགས་ཁག་གི་མི་སྣ་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་སོགས་མི་བརྒྱ་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

    སེར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་མིང་གིས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་ནང་ཀྲུང་གོ་དང་སེར་པི་ཡ་རྒྱལ་ཁབ་གཉིས་པོར་དུས་དང་བར་མཐོངས་ལས་བརྒལ་བའི་མཛའ་གྲོགས་ཟབ་མོ་ལྡན་པ་དང་རིག་གནས་སྤེལ་རེས་ནི་ཀྲུང་སེར་མཛའ་གྲོགས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཡིན། ད་ཐེངས་ཀྱི་ཀྲུང་གོའི་གློག་བརྙན་གཟའ་འཁོར་གྱི་བྱེད་སྒོ་འདི་བརྒྱུད་སེར་པི་ཡའི་དམངས་ཚོགས་ཀྱིས་ཀྲུང་གོ་ཤེས་རྟོགས་སྔར་བས་གཏིང་ཟབ་དང་ཀྲུང་གོའི་ངོ་མཚར་རིག་གནས་མྱོང་ཚོར་ཐུབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།