དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་མཉམ་འདུས་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-23

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་མཉམ་འདུས་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་ནས་བཀྲམ་ཞིང་། དེའི་ནང་2025ལོར་སླེབས་སྐབས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཁོར་སྐྱོད་དོ་དམ་ལམ་སྲོལ་ཕྱོགས་ཡོངས་ནས་ཆགས་པར་བྱས་ཏེ། རྫོང་ཁོངས་ཀྱི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་དང་2030ལོར་སླེབས་སྐབས་མ་ལག་ཆ་ཚང་དང་། ལས་བགོས་ཁ་གསལ། ནུས་པ་གསབ་རེས། མཉམ་ལས་དམ་ཟབ། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་བསྡུ་སྒྲིལ་རྣམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ། མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།

    《ལག་བསྟར་ཇུས་གཞིའི》ནང་རྫོང་ཁག་གིས་སྲིད་གཞུང་དང་། ལས་ཁུངས་སྒྲིག་ཁོངས། འཕེལ་སྒྱུར། མི་སྤྱི། ནོར་སྲིད། ཞིང་ལས་གྲོང་གསེབ། འཕྲོད་བསྟེན་བདེ་ཐང་། སྨན་བཅོས་འགན་བཅོལ། སྨན་རྫས་ལྟ་སྐུལ་སོགས་སྡེ་ཚན་དང་དེ་བཞིན་ཤང་དང་གྲོང་རྡལ་དང་། ཁྲོམ་གཞུང་། སྨན་བཅོས་ཐུན་མོང་སྒྲིག་གཞིའི་ཁོངས་མིའི་ཚན་པ་བཅས་ཐུན་མོང་ཐོག་ཞུགས་པའི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་ལམ་སྲོལ་བཟོ་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།

    《ལག་བསྟར་ཇུས་གཞིའི》ནང་གྲོང་ཁྱེར་སྨན་ཁང་གིས་སྨན་བཅོས་ཐུན་མོང་སྒྲིག་གཞིར་ཉུང་མཐར་ཡང་རིགས་གཅིག་མཁས་ཅན་3ཡན་མངགས་ནས་སྨན་བཅོས་དང་། ནད་སྐྱོང་། དོ་དམ་སོགས་ལ་བཅའ་སྡོད་མཛུབ་ཁྲིད་བྱེད་རྒྱུ་དང་། སྨན་བཅོས་ཐུན་མོང་སྒྲིག་གཞིས་སྨན་ཁང་གི་སྣེ་ཁྲིད་ནས“མི་སྣ་དང་། ལག་རྩལ། ཞབས་ཞུ། དོ་དམ”བཅས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཕྱོགས་པར་སྐུལ་འདེད་བཏང་སྟེ། སྨན་བཅོས་ཐུན་མོང་སྒྲིག་གཞིའི་ཞབས་ཞུའི་ནུས་པ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྨན་བཅོས་ཐུན་མོང་སྒྲིག་གཞིའི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྫོང་ཁོངས་ཀྱི་གསོ་རིག་ཞིབ་དཔྱད་དང་། གསོ་རིག་གློག་པར། སྙིང་པར་བརྟག་དཔྱད། དུག་སེལ་མཁོ་སྤྲོད་སོགས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་འཛུགས་རྒྱུ། ནད་ཡམས་སྔོན་འགོག་ཚོད་འཛིན་དང་བུད་མེད་དང་བྱིས་པའི་བདེ་སྲུང་སོགས་ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི། སྨན་བཅོས་ཐུན་མོང་སྒྲིག་གཞིའི་ཁོངས་མིའི་ཚན་པའི་ཁོངས་སུ་འཇུག་པར་འཚོལ་ཞིབ་བྱས་ནས་དེའི་ལས་སྒོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་རྒྱུ་བཅས་ཡིན་ཞེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།