དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འཚོ་བཅུད་ལེགས་གཏོང་འཆར་གཞི་ལས་ཀན་སུའུ་ཡི་སློབ་མ་ཁྲི་152.8ལྷག་ཙམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-23

    འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོད་གྲོང་ཁྱེར་གྱི་སློབ་ཆུང་ལྔ་པའི་ཟ་ཁང་དུ་སློབ་མས་བང་བསྒྲིགས་ནས་འཚོ་བཅུད་ལྡན་པའི་ཞོགས་ཟས་ལེན་བཞིན་པ།

    འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོད་གྲོང་ཁྱེར་གྱི་སློབ་ཆུང་ལྔ་པའི་ཟ་ཁང་དུ་སློབ་མས་འཚོ་བཅུད་ལྡན་པའི་ཞོགས་ཟས་ཟ་བཞིན་པ།

    གྲོང་གསེབ་ཀྱི་སློབ་མའི་བདེ་ཐང་འགན་ལེན་བྱ་ཆེད། རང་རྒྱལ་གྱིས་2011ལོར་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཡོད། 2012ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་གྱིས་དེ་སྔའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་58དང་དེ་སྔའི་ཡུག་འབྲེལ་མིན་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་28རིམ་བཞིན་ལག་བསྟར་ཁྱབ་ཁོངས་ནང་བཅུག་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མར་རིན་མེད་ངང་འཚོ་བཅུད་ལྡན་པའི་ཟ་མ་མཁོ་འདོན་བྱས་པ་རེད།

    མིག་སྔར་ཀན་སུའུ་ཞིང་ཆེན་གྱིས་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་གྲོང་གསེབ་ཡོངས་ལ་ཁྱབ་པར་བྱས་པས་སློབ་གྲྭ་8097དང་སློབ་མ་ཁྲི་152.8ལ་ཕན་པ་ཐོབ་པ་དང་ཕན་པ་ཐོབ་པའི་སློབ་མ་མི་ཐེངས་ཁྲི་2026.4ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།