གཙོ་གནད་རྣམ་གྲངས་སྐྲུན་པར་བྲེལ།
ཁྲོན་བོད་གཞུང་ལམ་G318ལམ་ཐིག་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་ནི་རང་ལྗོངས་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ཉིན་ཤས་གོང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་རྒྱ་ཆེའི་འཛུགས་སྐྲུན་པ་ཚོས་ཨར་ལས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་དང་འབད་བརྩོན་ཆེན་པོས་མྱུར་ཚད་དམ་འཛིན་བྱས་ནས་ལས་གྲྭ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ཡོད།
བཟོ་པས་ལྕགས་རྩིབས་སྒྲོམ་གཞིར་ཚ་ལ་རྒྱག་བཞིན་པ།
རྣམ་གྲངས་ཀྱི་ལག་རྩལ་འགན་འཁུར་བས་ཨར་ལས་ཀྱི་སྟབས་བདེའི་འགྲོ་ལམ་འཆར་འགོད་བྱེད་བཞིན་པ།