དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-22

    ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཚན་རིག་བྱང་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་བྱེ་ནུབ་གྲོང་ཚོར་འཚོགས་པ་རེད།

    “ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས(ཚན་རྩལ་མཐུན་ཚོགས)ཀྱིས་རིན་ཐང་སྒོར་ཁྲི་3ཙམ་རི་བའི་ཚན་ཞིབ་ཀྱི་ཐོན་རྫས་རིགས་གསར་པ་སྟེ་ནས་དང་མ་རྨོས་ལོ་ཏོག་གི་སོན་དང་། ཕྱུགས་སྨན་གསར་པ་ཞལ་འདེབས་ཕུལ་བར་ཐུཌ་རྗེ་ཆེ་ཞུ་གི་ཡིན་ལ། དེ་དག་གིས་ཞིང་དུད་100ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཐོན་རྫས་དེ་དག་ཞིང་ལས་ཐོན་སྐྱེད་ཀྱི་མཁོ་ཆས་ཙམ་མ་ཟད། གྲོང་སྡོད་མངགས་གཏོང་ཚན་པ་ཡིན་པའི་ཚན་རྩལ་ཅུས་ཀྱིས་བྱེ་ནུབ་གྲོང་ཚོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ལུཌ་མཚོན་པ་ཞིག་དེ་བས་རེད”ཅེས་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་བྱེ་ནུབ་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསྟན་འཛིན་འཇིཌ་མེད་ཀྱིས་བཤད།

    ནས་ཀྱི་སྣ་ཁ་གསར་པའི་འདེབས་འཛུགས་དོ་དམ་འཆད་ཁྲིད་ཁྲོད། “ཁུལ་གསུམ”གྱི་ཚན་རྩལ་ཆེད་མངགས་ཚོགས་པའི་རིགས་གཅིག་མཁས་ཅན་ཉི་མ་ཚེ་རིང་གིས་ཞིང་དུད་ལ་ཚན་རིག་དང་མཐུན་པའི་ངང་སོན་འདེབས་སོན་སྤྱོད་དང་འདེབས་འཛུགས་ལུགས་མཐུན་བྱ་རྒྱུར་མཛུབ་ཁྲིད་བྱས་ཤིང་། ཉི་མ་ཚེ་རིང་གིས“མིག་སྔ་ནི་དཔྱིད་རྨོད་དཔྱིད་གྲབས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་པས། ང་ཚོས་ཞིང་པའི་དགོས་མཁོ་དངོས་དང་ཟུང་འབྲེལ་ཞིབ་ཚགས་བྱས་ནས་ཚན་རྩལ་ཤེས་བྱ་ཞིང་པར་ཁྱབ་གདལ་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་ཞིང་པར་ཕན་འདོགས་པ་དང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་ཐུབ་པ་དངོས་འབྲེལ་བྱེད་ཀྱི་ཡིན”ཞེས་བཤད།

    ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་གྲོང་གསེབ་ཚན་རྩལ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསོད་ནམས་དབང་མོས“ད་ཐེངས་ཀྱི་ཚན་རྩལ་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས(ཚན་རྩལ་མཐུན་ཚོགས)ཀྱིས་མ་དངུལ་སྒོར་ཁྲི་10ལྷག་ཙམ་བཏང་ནས། ཞིང་འབྲོག་ལས་ཀྱི་སོན་བཟང་དང་། ཞིང་འཕྲུལ་ཡག་པོ། བྱེད་ཐབས་བཟང་པོ་བཅས་ཁྱབ་གདལ་བཏང་བ་དང་། རྫོང(ཆུས)ཁག་གི་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག ང་ཚོས་གཙོ་ཁྲིད་ཀྱིས་བྱེད་སྒོ་ཐེངས་5ཡན་སྒྲིག་འཛུགས་བྱས་ཏེ་སྤེལ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།